འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གསར་གཏོད་མཉམ་ལས་ཚོགས་ཆེན་སྐབས་བཞི་པ་སར་པི་ཡར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེལ་ཀེ་རེ་ཏེ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གསར་གཏོད་མཉམ་ལས་ཚོགས་ཆེན་སྐབས་བཞི་པ་སར་པི་ཡའི་རྒྱལ་ས་པེལ་ཀེ་རེ་ཏེར་འཚོགས་པ་རེད།
     སར་པི་ཡའི་ཙུང་ལི་པུའུ་འར་ན་པི་ཆིས་འགོ་འཛུགས་མཛད་སྒོའི་ཤིས་ཚིག་ནང་། སར་པི་ཡས་ཀྲུང་གོའི་དབར་གྱི་འབྲེལ་བ་བཟང་པོར་མཐོང་ཆེན་བྱེད་ཀྱི་ཡོད་པས་ད་རེས་ཀྱི་གསར་གཏོད་མཉམ་ལས་ཚོགས་ཆེན་འཚོགས་པའི་གོ་སྐབས་བརྒྱུད། ཡོ་རོབ་དབུས་ཤར་ས་ཆ་ཧྲིལ་པོར་གསར་གཏོད་དང་། མི་ཐབས་རིག་ནུས། འཕྲུལ་མི་དང་དེ་བཞིན་གྲངས་འཛིན་ཅན་ཐད་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
     ཀྲུང་གོ་ཚན་རིག་ལག་རྩལ་པུའི་པུའུ་ཀྲང་ཝང་ཀྲི་ཀང་གིས་ཤིས་ཚིག་ནང་། ཚན་རྩལ་གསར་གཏོད་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། ད་རེས་ཀྱི་གསར་གཏོད་མཉམ་ལས་ཚོགས་ཆེན་ནི“16+1”ནས“17+1”བར་གོང་འཕེལ་བྱུང་རྗེས་ཀྱི་ཚོགས་ཆེན་ཐོག་མ་ཡིན་པས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྔར་བས་གོང་འཕེལ་ཟབ་མོ་ཡོང་བར་སྐུལ་འདེད་ཐུབ་ངེས་རེད་ཅེས་བཤད།
     ད་རེས་ཀྱི་ཚོགས་ཆེན་ཉིན་གཉིས་འཚོགས་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་17གྱི་འཐུས་མི་600ཙམ་ཞུགས་ཡོད་པ་རེད།