འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎ཐི་མོར་ཤར་མའི་ཙུང་ལིས་ཀྲུང་གོའི་མཚོ་དམག་གི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུར་ལྟ་སྐོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏི་ལི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་8ཉིན་གྱི་སྔ་དྲོར། ཐི་མོར་ཤར་མའི་ཙུང་ལི་ལུའུ་ཝ་ཁེ་དང་སྐུ་ཟླ་དབྱི་ཧྲ་པེའར་གྱིས་ཏི་ལི་གྲུ་ཁར་ཡོད་པའི་ཀྲུང་གོའི་མཚོ་དམག་གི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུར་ལྟ་སྐོར་བྱས་པ་རེད། དམག་གྲུར་འཛེགས་རྗེས་ཙུང་ལི་ལུའུ་ཝ་ཁེ་སྟངས་དཔྱལ་དང་བཅས་པས་གཟབ་སྦྲེང་རུ་ཁག་ལ་ལྟ་ཞིབ་བྱས་པ་མ་ཟད། དམག་གྲུའི་ཁ་ལོ་བ་སྡོད་ས་དང་། ཁ་ལོ་བའི་ལད་མོའི་ནང་སྦྱོང་ཁང་། རྒྱ་མཚོའི་ས་བཀྲ་ཁང་སོགས་སྒྲིག་ཆས་ལ་ཡང་ལྟ་སྐོར་བྱས་པ་རེད། ལུའུ་ཝ་ཁེས་ཀྲུང་གོ་ནི་ཐི་མོར་ཤར་མའི་གྲོགས་པོ་རྙིང་པ་ཞིག་ཡིན། ཐི་མོ་ཤར་མས་རང་བཙན་དང་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ནང་། ཀྲུང་གོ་མི་དམངས་ཀྱིས་བློ་སྒོ་འབྱེད་པ་དང་རྒྱབ་སྐྱོར་མང་པོ་གནང་ཡོད། ད་ཐེངས་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུར་འཚམས་འདྲི་བྱས་པ་དེས། རྒྱལ་ཁབ་གཉིས་པོའི་དམག་དོན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་ཐུབ་ངེས་རེད་ལ། སླད་ཕྱིན་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུ་སླར་ཡང་ཐི་མོར་ཤར་མར་འཚམས་འདྲིར་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།