འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎2019ལོའི་རྒྱལ་སྟོན་གུང་གསེང་རིང་བོད་ཀྱི་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་82034ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྒྱལ་སྟོན་རིང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མཆོད་རྟེན་དཀར་པོའི་ལྗོངས་གཟིགས་སྟེགས་བུར་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་རྒྱལ་སྟོན་རིང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མཆོད་རྟེན་དཀར་པོའི་ལྗོངས་གཟིགས་སྟེགས་བུར་དྲན་རྟེན་པར་རྒྱག་བཞིན་པ།
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོའི་རྒྱལ་སྟོན་གུང་གསེང་རིང་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་1592280ལ་སྣེ་ལེན་ཞུས་པས་དུས་མཚུངས་ལས་16.8%འཕར་ཡོད། དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་622944ལ་སྣེ་ལེན་ཞུས་པ་དང་ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་969336ལ་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་82034ཟིན་པ་དེ་དུས་མཚུངས་ལས་18.2%འཕར་ཡོད་པ་དང་། ལྷ་ས་གྲོང་ཁུལ་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་མངགས་ཚད་76.37%ཟིན་ཡོད་པ་རེད། རྒྱལ་སྟོན་རིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ལྷ་སར་འཛོམས་ནས་གནམ་སྔོན་སྤྲིན་དཀར་དང་། མཐོ་སྒང་གི་མཛེས་ལྗོངས་ཉམས་སུ་མྱོང་བ་དང་། བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ་རེད།