འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམས་སྟོན་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམས་སྟོན་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ།
     མི་དམངས་དྲ་བའི་འཕྲིན། སྟོན་ཟླ་བཅུ་པར་འབྲས་བུ་གཡུར་དུ་ཟ། ཟླ10བའི་ཚེས10ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམས་སྟོན་མཛད་སྒོ་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ་གཟབ་རྒྱས་ངང་སྤེལ་པ་རེད། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རིན་ཆེན་རྒྱལ་དབུ་འབྱེད་མཛད་སྒོར་ཞུགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་གཉིས་ཀྱིས་རྟེན་འབྲེལ་ཞུ་ཡིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་བཅས་དབུ་འབྱེད་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ་བ་རེད།
     ཐེངས་འདིའི་བཤམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་ཆོས་གཅེས་ཏང་གཅེས་ཀྱི་བརྩེ་སེམས་ལ་དྲན་གསོ་ཞུ་བ། བླ་སྤྲུལ་ངོས་འཛིན་གྱི་ཆོས་ལུགས་ཀྱི་ཕྱག་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ། བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཕྱིའི་མི་སྣ་དང་གྲོགས་པོ་སྒྲིག་པའི་སྲོལ་རྒྱུན་བཟང་པོ་མངོན་པ་དང་། རིན་པོ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་དེ་ཀྲུང་གོ་ཅན་དུ་འགྱུར་བའི་སྲོལ་རྒྱུན་བཟང་པོ་བློ་བརྟན་འགྱུར་མེད་ངང་རྒྱུད་འཛིན་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འཚམ་པ་བྱེད་པར་སྣེ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཧུར་ཐག་གིས་བསྐྲུན་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཞི་མཐུན་གྱི་རྣམ་པ་གཏོད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་བཅས་རེད། 
    མགོན་པོ་བཀྲ་ཤིས་ཀྱིས། ཐེངས་འདིའི་བཤམས་སྟོན་སྤེལ་བ་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་སློབ་སྦྱོང་དོན་འཁྱོལ་དང་། ཆོས་ལུགས་ལས་རིགས་ཀྱི“རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བའི”བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། དུས་སྐབས་གསར་བའི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། ལྷག་པར་དུ་བླ་སྤྲུལ་ངོས་འཛིན་གྱི་ལས་དོན་ཁྲོད་ཆོས་ལུགས་ཀྱི་ཕྱག་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ། སྲིད་ཇུས་སྒྲིག་སྲོལ་དང་ཀྲུང་དབྱང་གི་ཆོག་མཆན་སོགས་གཞི་རྩའི་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་པ་མ་ཟད། དེང་སྐབས་བོད་དང་འབྲེལ་བའི་འཐབ་རྩོད་ཁྲོད་དྲང་ཕྱོགས་ཀྱི་གནས་བབ་རྒྱུན་འཛིན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་པ་བཅས་ལ་དུས་རབས་དང་དངོས་ཡོད་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
    ཐེངས་འདིའི་བཤམས་སྟོན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱ་འགུལ་གྲས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་པ། མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གིས་སྒྲུབ་འགན་འཁུར་བ་རེད། བྱ་འགུལ་འདི་ཟླ12པའི་ཚེས10ཉིན་བར་ཟི་ལིང་གྲོང་ཁྱེར་དུ་ཟླ་གཉིས་རིང་བཤམས་སྟོན་བྱ་རྒྱུ་རེད།
【1】  【2】  【3】  【4】  【5】
༄༅༎པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམས་སྟོན་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ།