འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་10ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བཞིན་པ།
འདི་ནི་ཟླ་10ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡོད་ན་མེད་ན་དེ་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་གང་འདྲ་སོང་ཡང་ཀྲུང་ཕའི་མཛའ་གྲོགས་ནི་ཐོག་མཐའ་བར་གསུམ་དུ་སྲ་བརྟན་འགྱུར་མེད་ཅིག་ཡིན། ཀྲུང་ཕའི་མཉམ་ལས་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་དང་ཟམ་མི་ཆད་པར་རྒྱ་སྐྱེད་གཏིང་ཟབ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་འཛིན་ནས་ཕ་ཁི་སི་ཐན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕ་ཁི་སི་ཐན་ཕྱོགས་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་འཐབ་ཇུས་མཉམ་ལས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པར་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན། ང་ཚོས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་རབ་དང་རིམ་པ་འཚོགས་པ་དེ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་གཅིག་སྡུད་སློབ་གསོ་ཐེངས་གཅིག་བརྒྱབ་པ་ཞིག་ཡིན། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡི་སེམས་པ་སྔར་ལས་གཅིག་ཏུ་སྒྲིལ་བ་དང་རྒྱལ་གཅེས་སྤྲོ་སེམས་སྔར་ལས་ལྷག་པ་འཕེལ་ནས་དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་བསད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། འཛམ་གླིང་མི་རིགས་ཁྲོད་རྐང་པ་བརྟན་པོ་འཛུགས་པ་བཅས་ཀྱི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད། ཀྲུང་གོར་དཀའ་ངལ་འཕྲད་པའི་སྐབས་སུ་གྲོགས་པོ་ཕ་ཁི་སི་ཐན་གྱིས་སྒེར་སེམས་མེད་པར་རོགས་རམ་བྱས་ཡོད། ད་ཆ་ཀྲུང་གོ་འཕེལ་རྒྱས་ཕྱིན་ནས་ཕ་ཁི་སི་ཐན་ཕྱོགས་དེ་བས་འཕེལ་རྒྱས་ཡག་པོ་འགྲོ་བར་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་མོ་དང་དེ་བས་དམ་ཟབ་ཀྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ཆེན་པོའི་མདུན་དུ་འཕྲལ་མར་ལངས་ཕྱོགས་གཅིག་མཐུན་བྱེད་དགོས། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་སྟེ་ད་ཡོད་ཀྱི་ནུས་རྒྱུ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་གླིང་། དམངས་འཚོའི་རྣམ་གྲངས་བཅས་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ནས་བར་ཁྱམས་དེ་སྤུས་ཚད་མཐོ་པོས་མཉམ་སྐུན་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་དཔེ་སྟོན་འདུ་འགོད་ཅིག་ཏུ་གཏོད་དགོས། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་འབད་བརྩོན་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཞན་ཡང་། ཀྲུང་ཕ་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཐད་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།