འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་འདུ་འགོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བློན་རྩེ་དགོན་དུ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་དཔེ་རྙིང་རིགས་གཅིག་མཁས་ཅན་གྱིས་དཔེ་རྙིང་ཡིག་ཚགས་ལ་ལྟ་བཤེར་བྱེད་བཞིན་པ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བློན་རྩེ་དགོན་དུ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་དཔེ་རྙིང་རིགས་གཅིག་མཁས་ཅན་གྱིས་དཔེ་རྙིང་ཡིག་ཚགས་ལ་ལྟ་བཤེར་བྱེད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་འདུ་འགོད་ལས་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་པ་དང་། ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། གྲངས་གཞི་ལས་མངོན་གསལ། མིག་སྔར་བོད་ཀྱིས་དཔེ་རྙིང་ཚད་ལྡན་ཡིག་ཆ་18000ལྷག་ཙམ་ཐོ་འགོད་བྱས་པ་དང་། དཔེ་རྙིང་291《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང》ནང་ཚུད་པ། 《གངས་ལྗོངས་ཀྱི་དཔེ་རྙིང་གཏེར་མཛོད》སོགས་བོད་ཡིག་གི་དཔེ་རྙིང་བཅུ་ལྷག་ཙམ་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་གྲུབ་འབྲས་ཀྱི་རིམ་སྤེལ་དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད། 
     2009ལོར། “ཀྲུང་ཧྭའི་དཔེ་རྙིང་སྲུང་སྐྱོང་འཆར་གཞིའི”སྐུལ་འདེད་འོག བོད་ཀྱིས་དུས་ཡུན་ལོ་བཅུ་དང་ད་བར་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་འདུ་འགོད་ལག་ལེན་བསྟར་འགོ་བཙུགས། ལོ་བཅུའི་རིང་། དཔེ་རྙིང་གཅིག་ཀྱང་མ་ལུས་པའི་རྩ་དོན་ཐོག་ནས་ཡོངས་ཁྱབ་ཞིབ་བཤེར་མི་སྣ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7ཚང་མར་བསྐྱོད་ནས་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་ཏུ་ཁྱབ་པའི་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་བཅུའི་རིང་། རིམ་རྩིས་ལྟར་ན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་ནས་བོད་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། མིག་སྔའི་བར། རིམ་རྩིས་ལྟར་ན་བོད་ཀྱིས་ཤོག་ལྷེ་3000ཙམ་གྱི་སྟོངས་ལ་ཉེ་བའི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཉམས་གསོ་བྱས་པ་དང་། གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ཚན་པའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་14ལེགས་སྒྲུབ་བྱས་པ། དཔེ་རྙིང་སྲུང་སྐྱོང་ས་ཚིགས་2གསར་དུ་བསྐྲུན་ཡོད་པ་རེད།