འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎ལྷོ་སུའུ་ཏན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དུས་ཁག་ལྔ་པའི་རྐང་དམག་ཡིང་ཤོག་ལ་ལྷོ་སུའུ་ཏན་དུ་
བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཚོགས་པའི་དཔུང་སྡེའི་སྤྱི་ཁྱབ་སི་ལིང་གི་གཟེངས་བསྟོད་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནེ་རོ་པི་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུའུ་པ་ནས་གནས་ཚུལ་འབྱོར་གསལ། ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཚོགས་པའི་དཔུང་སྡེའི་སྤྱི་ཁྱབ་སི་ལིང་ཀྲུང་ཅང་དམག་དཔོན་ཧྲ་དབྱི་ལའེ་ཧྲི·ཏི་ནེ་ཁར་གྱིས་ཉེ་ཆར་ལྷོ་སུའུ་ཏན(ཀྲུའུ་པ)དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དུས་ཁག་ལྔ་པའི་རྐང་དམག་ཡིང་ཤོག་གི་མཉམ་སྡེབ་ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་མཐོ་ཤོས“སྤྱི་ཁྱབ་སི་ལིང་གི་གཟེངས་བསྟོད”གནང་བ་དང་གཞན་ཡང་དཔོན་དམག་35ལ་སྤྱི་ཁྱབ་སི་ལིང་མི་སྒེར་གྱི་གཟེངས་བསྟོད་ཐོབ་པ་རེད།
     སྤྱི་ཁྱབ་སི་ལིང་གི་གཟེངས་བསྟོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་འགན་བསྒྲུབ་ཁུལ་གྱིས་རྒྱལ་ཁབ་ཁག་གི་ཞི་བདེ་སྲུང་སྐྱོང་དམག་མིར་བཀོད་སྒྲིག་བྱས་པའི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་ཡིན་པ་དང་། སྐབས་དེ་དུས་ཀྱི་ཞི་བདེ་སྲུང་སྐྱོང་ལས་འགན་བསྒྲུབ་ཁུལ་ལ་ལེགས་སྐྱེས་མངོན་གསལ་དོད་ཤོས་འབུལ་མཁན་གྱི་ཞི་བདེ་སྲུང་སྐྱོང་ཡན་ལག་རུ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་ཞིག་རེད། ཏིར་ཁར་གྱིས“ཁྱེད་ཚོས་ཕུལ་དུ་བྱུང་བའི་ལས་དོན་སྤེལ་བ་དང་། ལེགས་སྐྱེས་ཆེན་པོ་ཕུལ་བ། སྒྲིག་ཁྲིམས་དམ་དྲང་བཅས་བྱས་པ་ལས། ཁྱེད་ཚོ་ནི་ཆུ་ཚད་མཐོ་ཤོས་དང་། དམག་དཔུང་གི་སྒྲིག་ཁྲིམས་ནན་ཤོས། ལས་འགན་ཡག་ཤོས་བསྒྲུབས་པ་བཅས་ཀྱི་ཀྲུང་གོའི་དམག་མི་ཡིན་པ་གསལ་བཤད་བྱས་ཡོད། ཁྱེད་ཚོས་ཞི་བདེ་སྲུང་སྐྱོང་ལས་དོན་དང་དམག་དོན་ལས་འགན་སྒྲུབ་པའི་ཐད་ཀྱི་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཚོགས་པ་ཡོངས་ཀྱི་ཚད་གཞི་མཐོ་ཤོས་བཏོད་པ་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་ཤོག་ནི་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཚོགས་པའི་ཁོངས་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་རེད”ཅེས་བསྔགས་བརྗོད་གནང་བ་རེད།