འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎གསེར་རྟ་རྫོང་གིས་རྫོགས་ལྡན་གཟའ་འཁོར་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་21ལས་བརྒལ་བར་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། “གསེར་རྟར་ཡུལ་སྐོར་དུ་ཡོང་རྒྱུར་ཧ་ཅང་དགའ་པོ་ཡོད། ང་ཚོས་གསེར་རྟའི་དུང་དཀའ་དགོན་སྣེ་ལེན་ཁང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིགས་མཛད་སྒོ་ལྟས་པ་ཡིན། ང་ཚོའི་རྒྱལ་ཁབ་དེ་བས་ཡག་ཏུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་གསེར་རྟར་ཡུལ་སྐོར་དུ་ཡོང་བའི་ཧོ་པེའི་ཧྲི་ཅ་ཀྲོང་གི་ཡུལ་སྐོར་བ་ཧྲེན་ཧུའེ་ཡན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།
     རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་། གསེར་རྟ་རྫོང་དུ་ཡུལ་སྐོར་བས་ཁེངས་པ་དང་། མགྲོན་ཁང་ཚང་མ་མངགས་ཟིན། རྒྱལ་སྟོན་གྱི་གུང་གསེང་ཉིན་བདུན་ནང་སྤྱི་བདེ་དང་། འགྲིམ་འགྲུལ་ཉེན་རྟོག འགྲིམ་འགྲུལ། བཟོ་ཚོང་། ཟ་རིགས་དང་སྨན་རྫས་ལྟ་ཞིབ། ཟོག་གོང་། འཕྲོད་བསྟེན། གཞུང་ལམ། ཡུལ་སྐོར། ཡིག་བསྐུར་ངོ་བཅར་སོགས་སྡེ་ཚན་དང་ཡུལ་སྐོར་ལམ་རྒྱུད་ཀྱི་ཤང་གྲོང་ལས་བྱེད་པ་བཅས་ཀྱིས་འགན་འཁྲི་ལག་བསྟར་དང་། ཕྱར་བ་གྲུ་འདེགས། དཀའ་ངལ་ཁྱད་བསད་བཅས་བྱས་ནས། “རང་ཉིད་ཀྱི་དཀའ་སྤྱད་ངལ་བརྩོལ་ལས་ཡུལ་སྐོར་བ་བློ་ཡིད་ཚིམ་པ་བྱེད་པའི”ཞབས་ཞུའི་འདུ་ཤེས་བརྟན་པོར་འཛུགས་པས། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་21.2959ལ་སྣེ་ལེན་ཞུས་པས་དུས་མཚུངས་ལས་13%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.34བྱུང་བས་དུས་མཚུངས་ལས་23.6%འཕར་ཡོད་པ་རེད།