འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎བོད་ཀྱི་རྫ་ཡུལ་དུ་དམག་དམངས་མཉམ་དུ་སྟོན་བསྡུའི་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ས་གནས་དེ་གའི་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་ཟོར་བ་སྤྱོད་སྟངས་སློབ་བཞིན་པ།
ས་གནས་དེ་གའི་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་ཟོར་བ་སྤྱོད་སྟངས་སློབ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་དུ། བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེ་ཞིག་གིས“བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་། མང་ཚོགས་གཉེན་ཉེར་བརྩི”ནས། འགན་ལེན་ལྔའི་དུད་ཚང་གི་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་། གྲོང་མིར་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ། སྲིད་བཀུར་དམངས་གཅེས་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་རེད། ཉེ་ཆར། ས་གནས་དེ་གའི་ལོ་ཏོག་སྨིན་པས། ལས་བྱེད་པ་དང་འཐབ་འཛིང་པ་ཚོས་དུས་ཆེན་གྱི་གུང་གསེང་གི་ངལ་གསོའི་དུས་ཚོད་སྤྱད་ནས་ཁག་བགོས་ཏེ་ས་མ་གྲོང་ཚོར་བསྐྱོད་དེ་གྲོང་མིར་ལོ་ཏོག་བསྡུ་རོགས་བྱས་ནས་མང་ཚོགས་ཀྱིས་གཅེས་སེམས་ཚོར་བར་བྱས་པ་རེད།
【1】  【2】
༄༅༎བོད་ཀྱི་རྫ་ཡུལ་དུ་དམག་དམངས་མཉམ་དུ་སྟོན་བསྡུའི་ལས་ལ་བྲེལ།