འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎བོད་རིགས་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་གློག་བརྙན་སྒྱུ་རྩལ་ལ་བརྟེན་ནས་བོད་མི་དཀྱུས་མའི་འཚོ་བ་མཚོན་ཐབས་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། མཇུག་འགྲིལ་མ་ཐག་པའི་སི་ཕེན་གྱི་ཧྲེང་སའེ་པ་སི་ཏི་ཨན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་67པའི་ཐོག ཀྲུང་གོའི་བོད་རིགས་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ《ལྷ་མོ་དང་སྐལ་》ཞེས་པ་འགྲན་བསྡུར་གཙོ་བོའི་གྲས་སུ་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུར་གྱུར་ཡོད། ཟོན་ཐར་རྒྱལ་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གློག་བརྙན་འདིར་བརྟེན་ནས་བོད་རིགས་མི་དམངས་ཀྱི་བབ་ཆགས་པའི་འཚོ་བ་མཚོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
     《ལྷ་མོ་དང་སྐལ་བྷེ》ཞེས་པའི་གློག་བརྙན་ནང་། ཕན་ཚུན་མཛའ་ཞིང་བརྩེ་བའི་བོད་རིགས་ཀྱི་ཕོ་མོ་གཉིས་གཉེན་སྒྲིག་ལག་ཁྱེར་གཉེར་བ་ལས་འཕྲོས་པའི་གཏམ་རྒྱུད་བརྗོད་པ་དང་། མི་དཀྱུས་མའི་བརྩེ་དུང་གི་འགྱུར་བ་འགོ་འཛུགས་སར་བྱས་ཏེ་ཁྱིམ་ཚང་དང་། སྤྱི་ཚོགས། མི་ཆོས་ལྟ་བ་སོགས་བརྗོད་གཞིར་འཛིན་ནས་ཞིབ་པར་གླེང་ཡོད། གློག་བརྙན་ནང་གི་མི་སྣ་གཙོ་བོ་ལྷ་མོས་ལོ་གསར་སྐབས《གླིང་སྒྲུང》ནང་སྦྱོང་བྱེད་པའི་རྣམ་པ་དེ་ལས་བོད་རིགས་ཀྱི་འཁྲབ་ཁྲིད་པས་བོད་ཀྱི་རིག་གནས་ལ་དད་གུས་བྱེད་ལུགས་མཚོན་ཐབས་བྱས་ཡོད།
     ཟོན་ཐར་རྒྱལ་གྱིས་ངས་འཁྲབ་ཁྲིད་བྱས་པ་ནི་ཁྱིམ་ཚང་གི་འཚོ་བ་རང་ཡིན། “སྐྱེས་པ་དང་། བུད་མེད། གཉེན་སྒྲིག བུ་ཕྲུག ཁྱིམ་ཚང་ལ་སོགས་ཀྱི་བྱ་བ་ཆུང་ཙག་དག་ལས་མིའི་རིགས་ཀྱི་ཐུན་མོང་རང་བཞིན་མངོན་ཐུབ་པས་གཟིགས་མོ་བ་ཚང་མས་དང་ལེན་ཐུབ་སྲིད”ཅེས་བརྗོད།
     ཟོན་ཐར་རྒྱལ་གྱིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ངའི་གློག་བརྙན་བརྒྱུད་བོད་མི་དཀྱུས་མིའི་འཚོ་བ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད། ང་འདི་གར་འཚར་བས་འདི་གའི་གཏམ་རྒྱུད་ཡག་པོ་མང་དག་ཅིག་གླེང་རིན་ཆེན་པོ་ཡོད་ཅེས་བརྗོད་པ་རེད།