འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ ཀྱི་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་
ཚོགས་ཆུང་གིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་དཔྱད་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ལ་2018ལོའི་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་ལས་དོན་གྱི་དཔྱད་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། དཔྱད་ཞིབ་རིམ་པ་Cཡིན་པའི་འབྲེལ་ཡོད་ཞིང་ཆེན་རིམ་པའི་སྲིད་གཞུང་གི་འགན་འཁུར་བ་སྐོང་འདྲི་བྱས་ནས་ཁོངས་གཏོགས་ས་ཆའི་ལྟ་སྡོམ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་ལྟ་སྐུལ་བྱས་པ་རེད།
     ལས་དོན་གྱི་དཔྱད་ཞིབ་གནས་ཚུལ་ལ་གཞིགས་ན། ཞིང་ཆེན་རིམ་པའི་སྲིད་གཞུང་10རིམ་པ་Aདང་། ཞིང་ཆེན་རིམ་པའི་སྲིད་གཞུང་19རིམ་པ་B ཞིང་ཆེན་རིམ་པའི་སྲིད་གཞུང་3རིམ་པ་Cབཅས་ལ་གཏན་འཁེལ་བྱས་ཡོད་པ་རེད།
     བརྡ་ཁྱབ་ནང་འདས་པའི་ལོ་གཅིག་རིང་། ས་ཁུལ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་དོན་འཁྱོལ་དང་། ལམ་ལུགས་དོན་འཁྱོལ། ལས་དོན་དོན་འཁྱོལ་བཅས་ལ་དམ་འཛིན་ནན་པོ་བྱས་པས། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་གླ་ཆ་འགྱངས་ཆད་གནད་དོན་ཐོན་མང་བའི་རྣམ་པར་སྔར་བས་ཚོད་འཛིན་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།
     སྐོང་འདྲི་བྱེད་རིང་ས་ཁུལ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱ་རྒྱུའི་དམིགས་ཚད་ལ་དམིགས་པ། བྱེད་ཐབས་ནུས་ལྡན་སྤྱོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་ཀྱི་སྒོ་ནས་དཀའ་སྤྱད་འབད་འཐབ་དང་རྔུལ་ཆུ་འདོན་མཁན་ཞིང་པ་ལས་མིར་ཐོབ་འོས་པའི་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།