འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎ཨ་ལི་པ་པ་དང་རི་པིན་ལྕགས་ལམ་ཀུང་སིས་མཉམ་ལས་བྱས་ཏེ་རི་པིན་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་ལི་པ་པ་ཚོགས་པ་དང་ནུབ་རི་པིན་འགྲུལ་པ་ལྕགས་ལམ་ཀུང་སིས་ཡོངས་བསྒྲགས་བྱས་དོན། ཀུང་སི་གཉིས་པོས་མཉམ་ལས་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་བར་ནུབ་རི་པིན་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱེད་པ་དང་། གཏོང་སྤྲོད་འབོ་ནང་འདྲེན་གྱིས་ཡུལ་སྐོར་བ་གཏོང་སྤྲོད་ལ་སྟབས་བདེ་སྐྲུན་པ། དྲན་རྟེན་ཚོང་ཟོག་ཕྱིར་ཚོང་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཀྲུང་གོའི་ཡུལ་སྐོར་བའི་མིག་ནང་གི་ནུབ་རི་པིན་ས་ཁུལ་གྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་རྒྱུ་རེད།
     ཨ་ལི་པ་པ་ཚོགས་པ་དང་ནུབ་རི་པིན་འགྲུལ་པ་ལྕགས་ལམ་ཀུང་སིས་དེ་ཉིན་མཉམ་འབྲེལ་གསར་འགྱུར་གྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་དོན། ད་རེས་ཀྱི་མཉམ་ལས་ཀྱིས་གཙོ་བོ་ཨ་ལི་པ་པ་ཚོགས་པའི་ཁོངས་གཏོགས་ཀྱི་ཞབས་ཞུ་ཁག་བརྒྱུད། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ནུབ་རི་པིན་འགྲུལ་པ་ལྕགས་ལམ་ཀུང་སིའི་ལམ་ཐིག་ཁྱབ་པའི་ཁུལ་ཁོངས་སུ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་འགུགས་རྒྱུ་དེ་རེད།