འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎ཨ་རིའི་མཁས་དབང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་
མཉམ་ལས་ལ་སྟེགས་བུ་བསྐྲུན་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀྲེ་ཅ་ཀོ་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་དབྱི་ལི་ནོ་དབྱི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཧ་དབྱི་ལི·ཐུར་ཁེས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྟེགས་བུ་བསྐྲུན་ནས། ཨ་རིའི་ཕྱིར་གཏོང་ཚོང་པས་ཀྲུང་གོར་ཚོང་ཟོག་ཕྱིར་གཏོང་དང་ཞབས་འདེགས་ཞུ་བར་རྒྱལ་སྒོ་ཕྱེ་ཡོད་ཅེས་བཤད།
     ཐུར་ཁེས་ཀྲུང་གོའི་འཛད་སྤྱོད་པའི་ཉོ་སྒྲུབ་ནུས་པ་ཆེ་བ་དང་། འབྱོར་འབྲིང་རིམ་པའི་འཛད་རྫས་སྤུས་ལེགས་ཀྱི་དགོས་མཁོ་ཆེ་བ་དང་ཨ་རིར་ལྗང་མདོག་བཟའ་བཅའ་ཕྱིར་གཏོང་སོགས་ཀྱི་ཐད་ལ་ལེགས་ཆ་ལྡན་ཡོད་ཅེས་བཤད།
     ཐུར་ཁེས་ཨ་ཀྲུང་ཚོང་དོན་ད་ཆ་དཀའ་ངལ་གྱི་དུས་སུ་གྱར་མོད། འོན་ཀྱང“ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ལས་རིགས་ཀྱིས་གྲུབ་འབྲས་ལྡན་པའི་འབྲེལ་བ་འཛུགས་པར་སྔར་བཞིན་གཞོལ་བཞིན་ཡོད”པའི་ངོས་འཛིན་བྱས།
     ཐུར་ཁེས་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་ཚོང་དོན་དོ་སྙོམས་མེད་པར་ཁ་གཏད་འཇལ་ཆེད་དུ་སྤྱད་པའི“གསར་གཏོད་ཀྱི་བྱེད་ཐབས་ཤིག”རེད། ཀྲུང་གོས་དེ་བས་སྒོ་དབྱེའི་བྱེད་ཐབས་ལག་བསྟར་བྱས་པ་དང་ཀྲུང་གོ་ནི“འགན་འཁུར་མཁན་གྱི་རྒྱལ་ཁབ་ཅིག་རེད” ཀྲུང་གོས་ད་དུང་དཔལ་འབྱོར་སྒྱུར་བཅོས་རབ་དང་རིམ་པ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཐད་འཛད་སྤྱོད་སྟོན་ཕྱོགས་སུ་བྱས་པ་དང་། ཀྲུང་གོར་ཕྱིར་གཏོང་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བསྔགས་བརྗོད་བྱས།
     ཁོང་གིས་མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་གཏན་འཁེལ་མེད་པའི་གནས་ཚུལ་སྔར་བཞིན་ཕྲད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་འགོར་དུ་ཕྱིན་ཡོད། “ཀྲུང་གོས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱས་པས། གོ་ལ་ཧྲིལ་པོའི་སྤྱིའི་དགོས་མཁོ་མང་དུ་གཏོང་བར་མངོན་གསལ་དོད་པའི་ཤུགས་རྐྱེན་ཐོན་ཡོད” ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འདེགས་པའི་དུས་སུ་ཀྲུང་གོས་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལས། ཀྲུང་གོ་ནི་གོ་ལ་ཅན་དང་སྒོ་དབྱེའི་ཁྲོམ་ར་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པ་མཚོན་ཡོད་ཅེས་བཤད།