འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎དབྱིང་ཞིའུ་གྲོང་རྡལ་གྱིས་ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2ལས་བརྒལ་བར་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དབྱིང་ཞིའུ་གྲོང་རྡལ་གྱིས་ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2ལས་བརྒལ་བར་སྣེ་ལེན་ཞུས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་4ཉིན། “ས་ཡོམ་གྱི་རྗེས་ཤུལ་ཡུལ་སྐོར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཡུལ་སྐོར”བརྗོད་དོན་གཙོ་བོར་བྱས་པའི་གསར་བརྗེའི་ཡུལ་སྐོར་ལས་ཝུན་ཁྲོན་རྫོང་དབྱིང་ཞིའུ་གྲོང་རྡལ་གྱིས་ཡུལ་སྐོར་བ་མང་ཤོས་ཀྱི་དུས་བསུས་ནས། ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2ལས་བརྒལ་བར་སྣེ་ལེན་ཞུས་པ་རེད། རྒྱལ་སྟོན་རིང་དབྱིང་ཞིའུ་གྲོང་རྡལ་གྱི་གྲོང་ཚོ་བདུན་པའི་སྡེ་ཁུལ་དང་པོའི་དང་བླངས་ཞབས་ཞུ་རུ་ཁག་གིས་དང་བླངས་ཞབས་ཞུའི་ས་ཚིགས་གསུམ་བཙུགས་ནས་རིན་མེད་ངང་ཡུལ་སྐོར་བར་ལམ་སྟོན་བྱེད་པ་དང་ཆུ་འཁོལ་མཁོ་འདོན་སོགས་དང་བླངས་ཞབས་ཞུ་བྱས་པས་མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། ཆེད་མངགས་བཟོས་པའི“ཀྲུང་གོ་ང་ཁྱེད་ལ་དགའ”དང“སྐད་འཕྲིན་གྱི་གྲོགས་ཚོགས”སོགས་ཀྱིས་ཡུལ་སྐོར་བས་དྲན་རྟེན་པར་རྒྱག་པའི་ཡིད་དབང་བཀུག་པ་དང་། གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད།
【1】  【2】
༄༅༎དབྱིང་ཞིའུ་གྲོང་རྡལ་གྱིས་ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་2ལས་བརྒལ་བར་སྣེ་ལེན་ཞུས་པ།