འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎མཚོ་སྔོན་རྨ་ལྷོ་ཀྲོའུ་ཡིས“ཐོན་ལས་གྲོང་ཚོ”ཧུར་ཐག་གཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྨོ་ཞིང་འབོར་ཆེན་ས་རྒོད་དུ་གྱུར་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་ནང་ཁོག་ཤང་ས་དཀར་གོང་གྲོང་ཚོ་ནི་དེ་སྔོན་ས་གནས་དེ་གའི་དཔེ་མཚོན་གྱི་མཉམ་སྡེབ་དཔལ་འབྱོར་དང་ངལ་ནུས་མེད་པའི་གྲོང་ཚོ་ཞིག་རེད། ད་ཆ་གྲོང་ཚོ་དེས་མཉམ་སྡེབ་དཔལ་འབྱོར་དངོས་ཚན་འཕེལ་རྒྱས་བཏང་བས་སྐད་གྲགས་ཡོད་པའི“ཐོན་ལས་གྲོང་ཚོར”གྱུར་ཡོད།
     དེ་སྔ་གྲོང་ཚོའི་དར་མ་མང་ཆེ་བ་ཕྱིར་གླ་པར་འགྲོ་གི་ཡོད་པས་གྲོང་ཚོའི་ནང་བགྲེས་སོང་དང་། བུད་མེད། བྱིས་པ་བཅས་ལས་ལྷག་མེད། རྨོ་ཞིང་འབོར་ཆེན་ས་རྒོད་དུ་གྱུར་བའི་དོན་དངོས་ལ་དམིགས་ཏེ་གྲོང་ཚོ་ཡོངས་ཀྱིས་ས་ཞིང་གཅིག་སྡུད་བརྒྱུད་བཤུག་བཏང་ནས་གཞི་ཁྱོན་གཉེར་སྐྱོང་བྱས་པས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད། ཁེ་ལས་བཅས་ཟུང་དུ་འབྲེལ་བའི”གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།
     2018ལོའི་ཟླ་བཞི་པར། ས་དཀར་གོང་གྲོང་ཚོའི་དབན་ཀང་ལུའོ་ཡ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། ཕབ་རྩིས་བརྒྱབ་ན། ས་ཞིང་མུའུ་རེའམ་ཡང་ན་སྒོར་250མ་རྐང་རེ་བྱས་ཏེ་གྲོང་ཚོའི་རང་དགར་འཇོག་པའི་ས་ཞིང་མུའུ་770ལྷག་ཙམ་མཉམ་ལས་ཁང་ལ་མ་རྐང་བཞག་པ་རེད། གྲོང་ཚོ་ཡོངས་ནས་མཉམ་ལས་ཁང་ལ་ཞུགས་པའི་དུད་ཚང་83ཟིན་པ་དང་། མཉམ་ལས་ཁང་ལ་ཞུགས་ཚད་86%ཟིན་པ། རྐང་དངུལ་སྒོར་ཁྲི་15.3ཟིན་པ་བཅས་རེད།