འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་8ཉིན།

༄༅༎ཧང་ག་རིར་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་སུ《རྒྱ་ཡིག》རྒྱལ་སྤྱིའི་སྐོར་འགྲེམས་དང་། ཕྱི་འབྲེལ་བཙུགས་པའི་དགོང་ཚོགས་དང་སྣེ་ལེན་ཚོགས་འདུ། ཀྲུང་ཧང་གི་འབྲེལ་བའི་བགྲོ་གླེང་ཚོགས་འདུ། ཀྲུང་གོའི་མི་རིགས་ཟློས་གར་འཁྲབ་སྟོན་སོགས་རིམ་སྤེལ་བྱེད་སྒོ་སྣ་ཚོགས་ཧང་ག་རིར་སྤེལ་བ་རེད།
     བྱེད་སྒོ་དེའི་དམིགས་ཡུལ་ནི་རྒྱ་ཡིག་འབྲེལ་ཟམ་དུ་བྱེད་པ་དང་ཀྲུང་ཧང་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད་གཏོང་བའི“ཀྲུང་གོའི་ཡི་གེའི་དར་ལམ་གྱི་བྱ་སྤྱོད— 《རྒྱ་ཡིག》རྒྱལ་སྤྱིའི་འགྲེམས་སྟོན”ཞེས་པ་ཟླ་9ཚེས་1ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འགོ་ཚུགས་པ་རེད། དུས་ཡུན་ཉིན་གཉིས་ཀྱི་འགྲེམས་སྟོན་ནང《རྒྱ་ཡིག་འགྲེམས་སྟོན》དང་། 《ཉིང་བཅུད—ཀྲུང་གོའི་དེང་རབས་ཀྱི་ཡིག་གཟུགས་དང་པར་རིས་མཁས་ཅན་གྱི་རྩེར་སོན་བརྩམས་ཆོས་འགྲེམས་སྟོན》《རུས་བརྐོས་བསྐྱར་གཏོད—རུས་བརྐོས་ཡི་གེའི་གསར་གཏོད་ཇུས་འགོད་འགྲེམས་སྟོན》བཅས་ཁག་གསུམ་ཚུད་ཡོད།
     ཟླ་9ཚེས་10ཉིན་ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཡིས་པུ་ཏ་ཕེ་སིའི་སྒྱུ་རྩལ་ཁང་དུ་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དགོང་ཚོགས་འཚོགས་ཤིང་། ཧང་ཀྲུང་གི་སྒྱུ་རྩལ་མཁས་ཅན་ཚོས་ལག་གདང་དཔུང་སྦྲེལ་གྱིས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པར་ཧང་ག་རིའི་སྤྱི་ཚོགས་ལས་རིགས་ཁག་གི་སྐུ་མགྲོན་200ལྷག་ཙམ་དགོང་ཚོགས་ལ་ཞུགས་པ་རེད།
     ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཟླ་9ཚེས་27ཉིན་གྱི་དགོང་མོ་པུ་ཏ་ཕེ་སིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད། ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏོན་ཅེ་ལུང་གིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས། ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་རྒྱུན་འཁྱོངས་བྱས་པ་མ་ཟད། མུ་མཐུད་འཕེལ་རྒྱས་གཏིང་ཟབ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཧང་དབར་གྱི་འབྲེལ་བ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། མཐོ་རིམ་དབར་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་མི་ཆོས་རིག་གནས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
     ཧང་ག་རིའི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐེ་ལའོ་དབྱི་ཡིས་སྣེ་ལེན་ཚོགས་འདུའི་ཐོག ཧང་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་ཀྱིས་རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོའི་ཚོད་བགམ་བརྒྱུད་ཡོད་པས་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་རེད། “རྒྱུད་གཅིག་ལམ་གཅིག”གྲོས་འགོའི་སྣེ་ཁྲིད་དང་སྐུལ་འདེད་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཧང་ག་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཧང་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།