འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་1ཉིན།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་01ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཞི་ཅིན་ཕིང་གིས་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འཐུས་མིར་མཇལ་འཕྲད་གནང་བ།
     ཟླ་9ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2019ལོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་མི་དང་། རྩལ་ཁྲིད་པའི་འཐུས་མི་ཆེད་མངགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་གདན་དྲངས་ཤིང་། ཚོགས་འདུ་མ་འཚོག་གོང་བུད་མེད་ཕའེ་ཆིའུ་སྤོ་ལོའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།