མི་དམངས་དྲ་བ།

༄༅༎སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཟླ་9
ཚེས་30ཉིན་གྱི་སྔ་དྲོ་སྤེལ་རྒྱུ་ཡིན་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཕེབས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན། ཟླ་9ཚེས་30ཉིན་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་རྒྱུ་ཡིན།  
     སྐབས་དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཡུལ་དངོས་སུ་ཐད་གཏོང་བྱ་རྒྱུ་ཡིན།

  
style="display:none;"