འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎“ཨ་ཕ་ཨ་མ་དང་མཉམ་དུ་རྒྱལ་དར་ལ་གུས་འདུད་ཞུ།”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་29ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཅོ་ནེ་རྫོང་ཉིན་པ་ཤང་གི་ཡུལ་དངོས།
ཅོ་ནེ་རྫོང་ཉིན་པ་ཤང་གི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་། ལོ་ངོ་70ཡི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱ་ཆེད། ཟླ་9ཚེས་25ནས་ཟླ་9ཚེས་27ཉིན་བར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི“ཨ་ཕ་ཨ་མ་དང་མཉམ་དུ་རྒྱལ་དར་ལ་གུས་འདུད་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོ་དང་། ཅོ་ནེ་རྫོང་ཉིན་པ་གྲོང་ཚོ། བསང་ཆུ་རྫོང་ཤུག་ལུང་ཉིན་པ་གྲོང་ཚོ་བཅས་སུ་སྤེལ་བ་རེད།
     བྱེད་སྒོ་སྤེལ་རིང་ཞིང་འབྲོག་གྲོང་ཚོའི་ཕྲུ་གུ་ཚོས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། ཕ་མ་དང་མཉམ་དུ་གྲོང་ཚོའི་ཕྱོགས་བསྡུས་རིག་གནས་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་གླུ་གར་འཁྲབ་སྟོན་ལ་ལྟས་པ་དང་འབྲེལ། གླུ་གར་འཁྲབ་སྟོན་པ་ཚོ་དང་མཉམ་དུ《ང་དང་ངའི་མེས་རྒྱལ》དང་། 《གླུ་ཞིག་བླངས་ནས་ཏང་ལ་འབུལ》《ཨ་མ་གཅིག་གི་བུ་མོ》སོགས་གླུ་གཞས་བཏང་ནས་སྤྲོ་སེམས་འཁོལ་བའི་ངང་རྩྭ་ཐང་གི་བུ་ཕྲུག་ཚོས་རླབས་ཆེན་མེས་རྒྱལ་ལ་གུས་བཀུར་ཞུ་བ་དང་། མེས་རྒྱལ་སྐྱེ་མར་དགའ་ཞེན་བྱེད་པ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་བསྔགས་བརྗོད་བྱེད་པ། དེ་བཞིན་མེས་རྒྱལ་གྱི་མ་འོངས་པར་སྨོན་འདུན་བཟང་པོ་ཞུ་བ་བཅས་མཚོན་པར་བྱས་ཡོད།
     ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་སྣོད་བཅུད་ཐོན་ལས་སྐྱེད་སྲིང་དང་། སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ལྗང་མདོག་འབུར་དུ་ཐོན་རྒྱུ་མངོན་འགྱུར་ཡོང་བ་བཅས་ཀྱི་དམིགས་ཚད་དེར་དམ་པོར་དམིགས་ཏེ་དེང་རབས་ཀྱི་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་བཅས་ཐོན་ལས་ཆེན་པོ་གཉིས་འཕེལ་རྒྱས་གཏོང་རྒྱུར་དམིགས་སུ་ཤུགས་སྣོན་བརྒྱབ་པས། རིག་གནས་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་མངོན་གསལ་དོད་པོ་མངོན་འགྱུར་བྱུང་ཡོད། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1217.2ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་57.04ཟིན་ཡོད་པ་རེད།
【1】  【2】  【3】  【4】  【5】
༄༅༎“ཨ་ཕ་ཨ་མ་དང་མཉམ་དུ་རྒྱལ་དར་ལ་གུས་འདུད་ཞུ།”