འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་29ཉིན།

༄༅༎སྟོན་དུས་མཐོ་སྒང་དུ་མཚོ་སྐོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་27ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་9ཚེས་24ཉིན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་མཚོ་སྐོར་ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོའི་འགྲམ་གྱི་ཁ་བཏགས་ཐང་གི་འདམ་རར་ལྟ་དཔྱད་ཚད་འཇལ་བྱས་ཚར་ནས་ལོག་ཡོང་བ།
ཟླ་9ཚེས་24ཉིན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་མཚོ་སྐོར་ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོའི་འགྲམ་གྱི་ཁ་བཏགས་ཐང་གི་འདམ་རར་ལྟ་དཔྱད་ཚད་འཇལ་བྱས་ཚར་ནས་ལོག་ཡོང་བ།
     མི་དམངས་དྲ་བའ་འཕྲིན། ཟླ་9ཚེས་25ཉིན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་མཚོ་སྐོར་ལྟ་ཞིབ་ཚད་ལེན་མི་སྣས་མཚོ་སྔོན་པོའི་རིག་སྨོན་གཙང་པོའི་འདམ་རར་ལྟ་ཞིབ་ཚད་ལེན་མཐའ་མ་ལེགས་གྲུབ་བྱུང་བ་དང་བསྟུན་ནས་དུས་ཡུན་ཉིན་གསུམ་གྱི་མཚོ་སྔོན་པོའི་སྟོན་དུས་མཚོ་སྐོར་ལྟ་ཞིབ་ཚད་ལེན་བྱེད་མཚམས་བཞག་པ་རེད། སྟོན་དུས་མཚོ་སྐོར་ལྟ་ཞིབ་ཚད་ལེན་ནི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། མཚོ་སྐོར་ལས་དོན་མི་སྣས་མཚོ་སྔོན་པོའི་མཐའ་འཁོར་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཉི་ཤུ་ཙམ་གྱི་ཆུ་ཁོངས་འདམ་རའི་གནས་ཚུལ་དང་འདབ་ཆགས་རིགས་ཀྱི་འཚོ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་བརྒྱུད། ཕྱོགས་བསྡུས་ཐོག་མཚོ་སྔོན་པོའི་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་རེད།
【1】  【2】  【3】  【4】
༄༅༎སྟོན་དུས་མཐོ་སྒང་དུ་མཚོ་སྐོར་བྱེད་པ།