འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅༎སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྡོ་རིལ་བའི་དོན་རྐྱེན་ཚབས་ཆེན་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཉིན་ཤས་བསྟུད་མར་ཆར་པ་འབྲིང་ཙམ་ནས་ཆར་པ་ཆེན་པོ་བབས་ཡོད། ཟླ་7ཚེས་27ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་སྐོར་ལམ་ཐིག་K8+སྨི86གི་བྲག་དཀར་ཟེར་སར་རང་བྱུང་རྡོ་རིལ་བྱུང་ནས་ཅང་སུའུ་ཡི་རླངས་འཁོར་ཞིག་ལ་ཕོག་པས་རླངས་འཁོར་ནང་གི་མི་2ཡུལ་དངོས་སུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཞན་པ་2ལ་ས་གནས་དེ་གའི་རོགས་སྐྱོབ་མི་སྣས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པར་བརྟེན་ཉེན་ཁ་ལས་སྒྲོལ་ཐུབ་པ་བྱུང་ཡོད། 
     དོན་རྐྱེན་བྱུང་རྗེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ལ། འབྲེལ་ཡོད་འགོ་ཁྲིད་ཀྱིས་གཅིག་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་དགོས་པ་དང་། གཉིས་ནས་རྗེས་མཐུད་ཀྱི་བྱ་བ་ཐག་གཅོད་འོས་འཚམ་བྱེད་དགོས། གསུམ་ནས་ཁུལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་ཁ་གསལ་བྱས་ཡོད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱིས་དོན་རྐྱེན་བྱུང་རྗེས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་དོན་རྐྱེན་ཐག་གཅོད་ལས་དོན་ལ་བཀོད་འདོམས་བྱས་པ་རེད། མིག་སྔར་འབྲེལ་ཡོད་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།