འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅༎དཔལ་ཡུལ་རྫོང་གིས“ང་མེས་རྒྱལ་ལ་དགའ། མཉམ་དུ་རྒྱལ་གླུ་ལེན”པའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་དཔལ་ཡུལ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“ང་མེས་རྒྱལ་ལ་དགའ། མཉམ་དུ་རྒྱལ་གླུ་ལེན”ཞེས་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད། 
     “ལོངས་ཤོག ཚེ་གཡོག་རྒྱུག་མི་འདོད་པའི་མི་རྣམས། ངེད་ཚོའི་ཤ་དང་ཁྲག་གིས། རྒྱལ་ཁབ་སྲུང་བའི་ལྕགས་རི་བརྡུང་དགོས……”ཞེས་ཟླ་9ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། དཔལ་ཡུལ་རྫོང་སློབ་འབྲིང་དང་རྗོང་གྲོང་ཁུལ་གྱི་ཆ་ཚང་སློབ་ཆུང་དང་པོའི་ལུས་རྩལ་ཐང་དུ་རྫོང་ཡོངས་ཀྱི་སྡེ་ཚན་ཁག་ནས་ཡོང་བའི་ལས་བྱེད་པ་དང་ལས་བཟོ་པ་དང་། སློབ་གྲྭའི་དགེ་སློབ་ཚོ་གྲལ་འགྲིག་པོའི་ངང་མཉམ་དུ་ལངས་ཤིང་། ཡུལ་དངོས་སུ་གཟི་ཉམས་ཀྱིས་ཁེངས། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པའི་སྐད་ཅིག་མ་དེར་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་། ཀུན་གྱིས་སྐར་ལྔའི་དར་དམར་ལ་ཕྱོགས་ནས་རྒྱལ་གླུ་བླངས་པ་དང་བསྟུན་སྙིང་སྟོབས་དང་སྤོབས་པ་རབ་ཏུ་སྐྱེས་བྱུང་། 
     ཉིན་དེ་གར། ཤང་གྲོང་ཁག་གི་ཏང་ཨུ་སྲིད་གཞུང་དང་ཤང་གྲོང་སློབ་གྲྭས་ཀྱང་དུས་གཅིག་ཏུ་རྒྱལ་དར་མཉམ་སྒྲེང་དང་རྒྱལ་གླུ་མཉམ་ལེན་གྱི་བྱེད་སྒོ་སྤེལ་ཡོད། 
     མིག་སྔར་དཔལ་ཡུལ་རྫོང་གི་དབུལ་བྲལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། “རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”རྟེན་འབྲེལ་བྱེད་སྒོ་སྤེལ་བར་བརྟེན་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་གྱི་ཀྲུང་གོའི་གུང་ཁྲན་ཏང་དང་། རླབས་ཆེན་གྱི་མེས་རྒྱལ་ལ་བཅང་བའི་དྲིན་གཟོ་བའི་བསམ་པ་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་ཤིང་། ཚང་མས་ཏང་གི་རྗེས་སུ་འབྲང་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད།