འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅༎རྔ་བ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོ་ཟླ་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་ཆེད། ཟླ་9ཚེས་21ཉིན། རྔ་བ་ཁུལ་གྱིས་འབར་ཁམས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོའི་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས“ལོ་ངོ་བདུན་ཅུར་ཧུར་བརྩོན་བྱས་ནས་འོད་སྟོང་འཕྲོ་བའི་མཛད་རྗེས་བཞག དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་བྱེད་པའི་ལེའུ་གསར་པ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས། རིག་རྩལ་འཁྲབ་སྟོན་དང་། སྲིད་ཇུས་དྲིལ་བསྒྲགས། སྐོར་སྐྱོད་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་གཞི་རྩའི་ཤེས་བྱ། ཁུལ་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་འཕེལ་རྒྱས་དང་། སྣོད་བཅུད། སློབ་གསོ། སྨན་བཅོས། འཕྲོད་བསྟེན། ལས་ཞུགས། བཟའ་བཅའ་དང་སྨན་རྫས་བདེ་འཇགས། རིག་གནས་ལུས་རྩལ། ཁྲལ་དོན་སོགས་ཐད་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཡོད།