འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅༎སྒྱུར་བཅོས་གཏིང་ཟབ་ཀྱིས་ཐོག་མའི་བསམ་འདུན་བརྟན་པོར་སྲུང་།སྔ་འཛིན་ཕྱི་གཏོད་ཀྱིས་ཕུགས་འདུན་དོན་གཉེར་མདུན་སྐྱོད་བྱེད།

—— ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི《ང་ཚོ་ལམ་ཆེན་དུ་བསྐྱོད》ཅེས་པར་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་9ཚེས་22ཉིན་བར། ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི《ང་ཚོ་ལམ་ཆེན་དུ་བསྐྱོད》ཅེས་པ་ལེའུ་14བསྟུད་མར་བསྟན་པ་དང་། ཆེད་དོན་པར་གཞི་དེས་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་རིང་འབད་འཐབ་ལྷོད་མེད་ངང་བརྩམས་པའི་བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་སྙན་ངག་བརྗོད་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་གང་ལེགས་མངོན་པར་བྱས་པས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལྟ་མཁན་མང་པོ་བྱུང་བ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
     ཆེད་དོན་པར་གཞིའི་ལེའུ་བརྒྱད་པ《རླབས་ཆེའི་ཁ་ཕྱོགས་སྒྱུར་མཚམས》ཞེས་པའི་ནང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དམིགས་ནས་མཐོ་རྒྱུགས་སླར་གསོ་དང་། རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་ཚོགས་པ། སྒྱུར་བཅོས་སྒོ་དབྱེ་ལག་བསྟར་སོགས་ཀྱི་ཐད་ཟིལ་རླབས་དགུང་འཕྱུར་དང་མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་དུས་སྐབས་མངོན་པར་བྱས་ཡོད།
     “ཏང་གི་ལོ་རྒྱུས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངས་ཏང་གི་ལོ་རྒྱུས་ཞིབ་འཇུག་བྱེད་སྟངས་དང་བྱེད་ཐབས། སྲིད་དོན་སྐྱོང་བ། མི་སྣ་གསོ་སྐྱོང་གི་རྣམ་པ་དང་གཞི་རྟེན་བཅས་སྔར་བས་གསར་གཏོད་བྱས་ནས། གསར་བརྗེའི་རིག་གནས་སྙིང་སྟོབས་ཀྱི་མཐོ་ས་སྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོ་ཡོང་བར་སྐུལ་འདེད་བཏང་སྟེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱ་རྒྱུ་ཡིན”ཞེས་ཅི་ལིན་ཞིང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་རི་འགོག་མཉམ་འབྲེལ་ཞིབ་འཇུག་ཁྲུའི་ལས་བྱེད་པ་སུན་ཐའེ་ཀྲི་ཡིས་བརྗོད་པ་དང་། ཁོང་གིས《ང་ཚོ་ལམ་ཆེན་དུ་བསྐྱོད》ཅེས་པའི་ཆེད་དོན་པར་གཞི་བལྟས་རྗེས། ཏང་གི་ལོ་རྒྱུས་ཞིབ་འཇུག་ལས་དོན་ལ་ཤེས་རྟོགས་དེ་བས་གཏིང་ཟབ་བྱུང་ཞེས་བརྗོད་པ་རེད།
     “ཆེད་དོན་པར་གཞིའི་ནང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་འཛུགས་སྐྲུན་གྱི་སྙིང་སྟོབས་དང་འབད་འཐབ་ཀྱི་སྙིང་སྟོབས་མཚོན་པས། བརྙན་འཕྲིན་སྐད་ཆའི་རྒྱས་བཤད་བརྒྱུད། ཡུལ་དུས་བརྒལ་བའི་སྙིང་སྟོབས་ཀྱི་འབོད་སྐུལ་ཞིག་འདུག”ཅེས་ཧྲང་ཧའེ་སློབ་ཆེན་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝུའུ་མིང་གིས་བརྗོད་པ་དང་། ཁོང་གིས་རང་ཉིད་མཐོ་སློབ་སློབ་གསོའི་ལས་དོན་པ་ཞིག་ཡིན་པས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་སློབ་ཆེན་སློབ་མར་འབོད་སྐུལ་དང་ལྕག་སྐུལ་བྱས་ཏེ། མཉམ་དུ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དེ“ལང་ཚོ་དང་འབད་འཐབ་ལ་བརྟེན་ནས་མི་རིགས་བསྐྱར་དར་ཆེད་ཆ་རྐྱེན་སྐྲུན་པ་དང་མེས་རྒྱལ་འཛུགས་སྐྲུན་ཆེད་རང་ནུས་གང་ཡོད་འདོན་རྒྱུ་ཡིན”ཞེས་བརྗོད་པ་རེད།
     “ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྤར་བ་དང་། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ། འབྲི་ཆུའི་འགག་གསུམ་རགས་ཆེན་བསྐྲུན་པ། ལྷ་གྲུ་མཁའ་དབྱིངས་སུ་འཕུར་བ་བཅས་མཐོང་སྐབས་སེམས་སུ་གཡོ་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཅི་ལིན་སློབ་ཆེན་གྱི་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་གི་2016ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ཤེ་ཚུང་ཨན་གྱིས་ཆེད་དོན་པར་གཞི་བལྟས་རྗེས་ཀྱི་མྱོང་ཚོར་བརྗོད།