འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅།།བདེ་ཆེན་སེམས་ཀྱི་ཉི་ཟླར། སྟག་མཆོང་གྲོག་རོང་ཧ་པ་གངས་རིའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་སྐབས་
དང་པོ་གཉེར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། སྟག་མཆོང་གྲོག་རོང་ཧ་པ་གངས་རིའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོ་ཟླ་10ཚེས་27ཉིན་ནས་ཚེས་29ཉིན་བར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཉེར་རྒྱུ་རེད།
     འགྲན་བསྡུར་ལ་སྤྱི་ལེ་25ཡི“ཐེ་ཞུགས་ཚོགས་ཆུང”དང་སྤྱི་ལེ་50ཡི“འགྲན་སློང་ཚོགས་ཆུང”གཉིས་བཀོད་སྒྲིག་བྱས་ནས་མི་200འགྲན་བསྡུར་ལ་ཞུགས་རྒྱུ་རེད། ཐེ་ཞུགས་ཚོགས་ཆུང་གི་ལམ་ཐིག་ནི“སྟག་མཆོང་སྟོད་རྒྱུད་དང་སྟག་མཆོང་སྨད་རྒྱུད”ཀྱི་རྐང་ཐང་ལམ་ཐིག་ཡིན་པས་བདམས་ཐོན་པས་འགྲན་བསྡུར་ལ་སྟག་མཆོང་གྲོག་རོང་གི་མཛེས་ལྗོངས་ཧྲིལ་པོར་ལྟ་ཐུབ།
     འགྲན་སློང་ཚོགས་ཆུང་གི་བདམས་ཐོན་པའི་གཟུགས་པོ་དང་རྩལ་ནུས་གཉིས་ཀར་རེ་བ་མཐོ་པོ་ཡོད་ཅིང་། ཐེ་ཞུགས་ཚོགས་ཆུང་གི་སྤྱི་ལེ་25ཡི་ལམ་ཐིག་ལེགས་སྒྲུབ་བྱེད་དགོས་པ་ཕུད། ད་དུང་འགྲན་སློང་ཚོགས་ཆུང་ཧ་པ་གངས་རིའི་སྒར་ས་ཆེན་པོ་ནས་ས་བབ་མཐོ་ཤོས་སྨི་4500བར་བསླེབ་རྒྱུ་རེད། བདམས་ཐོན་པས་ལམ་རྒྱུད་དུ་ནགས་གསེབ་དང་། སྤང་ཐང་། གྲོག་རོང་། གངས་རི་སོགས་ཀྱི་རང་བྱུང་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ།