འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་23ཉིན།

༄༅༎གཞིས་རྩེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་དགའ་སྐྱིད་དང་། བཀྲ་ཤིས། འཆམ་མཐུན། སྤྲོ་སེམས་འཁོལ་བ་བཅས་ཀྱི་རྣམ་པ་ཞིག་བཏོད་ཆེད། རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་རང་བཞིན་གྱི་རིག་རྩལ་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུ་ཡིན་ལ། བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་རྒྱུ་རེད། 
     ཤེས་རྟོགས་བྱུང་བ་ལྟར་ན། གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྟེ། “ཇོ་རིའི་རོལ་དབྱངས”ཞེས་པའི་ཞབས་བྲོའི་འགྲན་བསྡུར་ཆེན་མོ་དང“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་བ་དང་། དུས་རབས་གསར་པར་བསྟོད་གླུ་འབུལ་བ”ཞེས་པའི་རིག་རྩལ་དགོང་ཚོགས། “ཀྲུང་གོ་གསར་པར་བསྟོད་གླུ་འབུལ། བདེ་སྐྱིད་ལྡན་པའི་གཞིས་ཀ་རྩེ”ཞེས་པའི་བརྗོད་དོན་གཙོ་བོའི་གློག་སྒྲོན་འགྲེམས་སྟོན་བྱེད་སྒོ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་པར་རིས་འགྲེམས་སྟོན་སོགས་གཉེར་རྒྱུ་རེད། རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་ད་དུང་རང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད། 
     དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་གི་སྡེ་ཚན་ཁག་གིས་ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་ཆེ་གྲས་དང་། LEDའཆར་ཤེལ། དྲིལ་བསྒྲགས་སྒྲོམ་གཞི། གློག་སྒྲོན་འགྲེམས་སྟོན། གྱང་ངོས་གཏོར་འབྲི། འཕྲེད་འགེལ་སྦྱར་ཡིག བདལ་གཏོང་རླངས་འཁོར་གྱི་གློག་ཏོག་སོགས་སྤྱད་ནས་རྒྱ་ཁྱབ་ངང་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་དང་འགེལ་བ། འགྲིལ་གཏོང་བཅས་བྱས་པ་དང་འབྲེལ་རྫོང(ཆུས)ཁག་དང་ཚན་པ་ཁག་གི་རྣམ་པ་གཏོད་པའི་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྫོང(ཆུས)ཁག་གིས་ཤང་གྲོང་དང་གྲོང་ཚོའི་ལྟ་སྐུལ་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་ཁུལ་གྱི་མཐའ་འཁོར་དང་དེ་བཞིན་གཞུང་ལམ་གཙོ་བོའི་ལམ་རྒྱུད་དུ་ཁྱོན་བརྡ་ཁྱབ་ཆེ་གྲས་39བཟོས་ཡོད་པ་དང་། རྫོང་དང་ཆུས་18ཀྱིས་ཁང་ཕྱིའི་བརྡ་ཁྱབ་ཆེ་གྲས་ཀྱི་བྱང་བུ་115དང་། དྲིལ་བསྒྲགས་བྱང་བུ་800ལྷག་ཙམ། འཕྲེད་འགེལ་སྦྱར་ཡིག་2700ལྷག་ཙམ། གཏོར་འབྲི་1000ལྷག་ཙམ་བཅས་བཟོས་པ་དང་བརྗེས་ཡོད་པ་རེད། 
     གཞིས་རྩེའི་གྲོང་ཨུའི་རྒྱུན་ཨུ། དྲུང་ཆེ་ལུའེ་ཅིན་ཁྲང་གིས། རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞིས་རྩེའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་དང་གཞིས་རྩེའི་མི་རིགས་ཁག་གི་མི་དམངས་ཀྱིས་གུང་ཁྲན་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་ཚོར་ལུགས་མཚོན་པར་བྱེད་དགོས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཞི་མཐུན་ཤེས་དཔལ་དང་བདེ་སྐྱིད་ལྡན་པའི་གཞིས་རྩེ་འཛུགས་སྐྲུན་བྱེད་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་དགོས་ཞེས་བརྗོད་པ་རེད།