འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་23ཉིན།

༄༅༎དཀར་མཛེས་ཁུལ་གྱིས་རྒྱལ་མཚམས་སྒྲོལ་བའི་ཁྲལ་སློག་ལས་སྒོ་ཐོག་མ་དེ་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། འདབ་པ་ཉི་སྟེང་རི་གསུམ་མགོན་པོའི་ཡུལ་སྐོར་མ་འཇོག་ཚད་ཡོད་ཀུང་སིས་ཁུལ་ཡོངས་ཀྱི《མངའ་ཁོངས་ཕྱི་རོལ་གྱི་ཡུལ་སྐོར་བའི་ཟོག་ཉོའི་རྒྱལ་མཚམས་ལས་སྒྲོལ་བའི་ཁྲལ་སློག་རེ་ཞུའི་ཡི་གེ》ཐོག་མ་དེ་བྲིས་པ་རེད། དེ་ཐོག་ནས་ཁྲལ་བསྡུས་དཀར་མཛེས་བོད་རིགས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
     མངའ་ཁོངས་ཕྱི་རོལ་གྱི་ཡུལ་སྐོར་བའི་ཟོག་ཉོའི་རྒྱལ་མཚམས་ལས་སྒྲོལ་བའི་ཁྲལ་སློག་ལས་སྒོ་དེ་ནི་ཀྲུང་གོའི་ཤང་ཀང་ནས་ཡིན་པའི་འགྲུལ་པ་ཞིག་གིས་འདབ་པ་ཉི་སྟེང་རི་གསུམ་མགོན་པོའི་ཡུལ་སྐོར་མ་འཇོག་ཚད་ཡོད་ཀུང་སིས་རང་བརྟེན་གསར་གཏོད་བྱས་པའི་ཐོན་རྫས“རིག་གཏོད་འཁྱགས་སྒམ་སྦྱར་བྱས”ཉོས་པ་དང་། དེ་ཁྲལ་ཚད་13%གྱི་རྒྱལ་ནང་གི་ཚོང་ཟོག་ཉོ་དུས་ཁྲལ་སློག་ཁྲལ་ཚད་11%ལོངས་སྤྱོད་བྱེད་པའི་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད། འགྲུལ་པ་དེས་རྒྱལ་མཚམས་ལས་སྒྲོལ་སྐབས་ཁྲལ་སློག་དངུལ་གྲངས་སྒོར་67.98ལེན་ཆོག་གི་ཡོད་པ་རེད།
     ཁུལ་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་མཚམས་སྒྲོལ་བའི་ཁྲལ་སློག་ཚོང་ཁང་བཙུགས་པ་དེས། ས་གནས་དེ་གའི་ཁྱད་ལྡན་ཚོང་ཟོག་དང་རང་བརྟེན་གསར་གཏོད་ཐོན་རྫས་ཕྱི་ཕྱོགས་སུ་ཚོང་ཚད་མཐོ་རུ་འགྲོ་རྒྱུ་དང་། བོད་རིགས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་། འབབ་འཕར་ཕྱུག་འགྱུར། དམངས་འཚོ་ལེགས་སུ་འགྲོ་བ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་དང་དཀར་མཛེས་བོད་རིགས་ས་ཁུལ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་མགྱོགས་སུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། གོམ་སྟབས་རྗེས་མར་ཁུལ་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ས་མཚམས་ལས་སྒྲོལ་བའི་ཁྲལ་སློག་སྲིད་ཇུས་དྲིལ་བསྒྲགས་དང་ཟུར་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། སྲིད་ཇུས་ཤེས་རྟོགས་བྱེད་ཚད་དང་བརྩི་སྲུང་བྱེད་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་དང་། “ཁྲལ་སློག་ཚོང་ཁང”ལ་ཞབས་འདེགས་སྔར་ལས་ཡག་པ་ཞུས་ནས་ལས་སྒོ་སྒྲུབ་པའི་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་མཚམས་ནང་ཡོང་མཁན་ཡུལ་སྐོར་བས་དཀར་མཛེས་ཀྱི་མཛེས་སྡུག་དང་། སྤུས་ལེགས། བློ་ཡིད་ཚིམ་པའི་ཁྲལ་བསྡུའི་ཞབས་ཞུ་བཅས་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།