འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་23ཉིན།

༄༅༎ཀྲུང་གོའི་མཁའ་སྐྱོད་བྱ་གཞག་དབུ་བརྙེས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་ཆེད་མཁའ་སྐྱོད་ཚན་རྩལ་
ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་རྒྱལ་ཡོངས་སུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་21ཉིན་ནི་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་དབུ་བརྙེས་ནས་ལོ་ངོ་110འཁོར་བའི་ལོ་ཞིག་ཡིན་པ་དང་། ཟླ་9ཚེས་21ཉིན་གྱི་སྔ་རྗེས་སུ་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་དབུ་བརྙེས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་མཁའ་སྐྱོད་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་རྒྱལ་ཡོངས་སུ་གཅིག་སྡུད་ཐོག་སྤེལ་བ་རེད།
     ཀྲུང་གོ་མཁའ་སྐྱོད་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་རྒྱལ་ཡོངས་ཀྱི་ཡུག་ཁུལ་ཆེན་པོ་བརྒྱད་ཀྱི་ཚན་པ་ཁག་གི་ཐག་ཉེ་སའི་མཉམ་འབྲེལ་ཚན་རྩལ་ཁྱབ་གདལ་འགྲེམས་སྟོན་དང་སློབ་གསོའི་རྟེན་གཞི་སོགས་སུ་ཁྱབ་ཡོད། གཙོ་བོ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་ནས་སྣ་མང་ཕུན་སུམ་ཚོགས་པའི་མཁའ་སྐྱོད་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཏེ། ལོ་བརྒྱའི་མཁའ་སྐྱོད་དང་ལྷག་པར་དུ་ཀྲུང་གོ་གསར་པའི་མཁའ་སྐྱོད་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མངོན་པར་བྱས་པ་དང་། མཁའ་སྐྱོད་མི་རབས་མང་པོས་མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོབ་པ་དང་། མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། མཁའ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་བཅས་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཀྱི་འབད་འཐབ་ཀྱི་གཏམ་རྒྱུད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་ཞིབ་པར་བརྗོད་ཡོད།