འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་
ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་ཞིབ་འཇུག་ལྟེ་གནས་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་མཉམ་འབྲེལ་ཐོག་གཉེར་བའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ”ཞིང་ཆེན་ཏང་གི་སློབ་གྲྭར་འཚོགས་པ་རེད། ཞིང་ཆེན་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་ཏང་གི་སློབ་གྲྭ ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱི་ཆེད་མཁས་བརྒྱ་ལྷག་མཉམ་དུ་འཛོམས་ནས་བགྲོ་གླེང་བྱས་པ་རེད། 
     ཉིན་དེའི་གཏམ་བཤད་ནང་ཚང་མས་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཐོབ་པའི་གྲུབ་འབྲས་ལ་ཕྱི་མིག་བལྟས་པ་དང་། མཚོ་སྔོན་ཡུལ་གྱི་འཕོ་འགྱུར་ཆེན་པོའི་ནང་གནས་གཏན་ཚིགས་དང་གཞི་རྩའི་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ངོས་འཛིན་གཏིང་ཟབ་ཏུ་བཏང་བ། བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་བཅས་ཀྱི་ཐད་མ་གྲོས་གཅིག་མཐུན་བྱུང་། ཚང་མས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ཞིབ་འཇུག་བཅས་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། ངེད་ཞིང་ཆེན་གྱིས“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལེགས་གཅིག་མཐོ་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རིག་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་དམིགས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པ་དང་བློ་གྲོས་ལྡན་པའི་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ཁྱབ་གདལ་གཏོང་བ་དང་གྲུབ་འབྲས་གཏོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། བརྩེ་སེམས་དང་བརྩེ་དུངས། འབད་བརྩོན་བཅས་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་ཡག་པོ་རྩོམ་དགོས་ཞེས་བརྗོད་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཚན་པ་26གིས་ཕུལ་བའི་དཔྱད་རྩོམ་178འབྱོར་བ་དང་། དེ་དག་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད། ཏང་གི་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པ་རེད། བརྗོད་དོན་དང་མཐུན་པའི་དཔྱད་རྩོམ་111གི་ནང་ཕུལ་བྱུང་དཔྱད་རྩོམ་9དཔྱད་འདེམས་བྱས་པ་དང་དཔྱད་རྩོམ་66ལ་གཟེངས་བསྟོད་ཀྱང་སྤྲད་ཡོད། དེ་དང་ཆབས་ཅིག་ཚན་པ་10ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་སྤྲད་པ་རེད།