འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱིས་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་བསུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད། ཟླ་9ཚེས་18ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱི་བདེ་གསལ་སྒོ་རའི་ནང་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། “སྡེ་ཁུལ་གྱི་ལོ་རྒྱུས་དྲན་གསོ་དང་། ཁྱིམ་ཚང་གི་ལོ་རྒྱུས་བཤད་པ། འགྱུར་ལྡོག་གླེང་བ། ཏང་གི་བཀའ་དྲིན་ཚོར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཞིག་གསོན་ཉམས་ལྡན་པའི་ངང་སྤེལ་བཞིན་ཡོད། བྱེད་སྒོ་སྤེལ་ཡུལ་དུ། རྒན་རྒོན་ཚོས་སྒོ་ར་དང་ཁྱིམ་ཚང་གི་ཁ་སང་དང་དེ་རིང་ལྷུག་གླེང་བྱས་པ་དང་། དེ་རྗེས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། བོད་ལྗོངས་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བ། སྒོར་གཞས་འཁྲབ་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མཉམ་དུ་སྤྲོ་སེམས་འཁོལ་བའི་ངང་རྒྱལ་སྟོན་ལ་བསུ་བ་ཞུས་པ་རེད།