མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཨུ་རུ་སུར་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ཕྱིར་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨུ་རུ་སུར་དངོས་གཞིའི་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཀྲུང་ཨུའི་ཙུང་ལིའི་དབར་གྱི་དུས་བཀག་མཇལ་འཛོམས་ཐེངས་ཉེར་བཞི་པར་ཞུགས་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ཕྱིར་ལོག་ཕེབས་པ་རེད། ཙུང་ལི་ལི་ཁེ་ཆང་གི་སྐུ་ཟླ་ཁྲེང་ཧུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། རྒྱལ་དོན་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་་ཝང་དབྱི་བཅས་ཕེབས་རོགས་ཞུས་མཁན་མི་སྣ་གནམ་གྲུ་གཅིག་ནང་མཉམ་དུ་པེ་ཅིང་དུ་འབྱོར་བ་རེད།
     མོ་སི་ཁོ་ནས་ཁ་བྲལ་སྐབས། ཨུ་རུ་སུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་ཕེབས་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ལི་ཁེ་ཆང་ལ་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཞིག་འཚོགས་པ་རེད། དམག་དཔུང་གི་རོལ་ཆ་རུ་ཁག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། ལི་ཁི་ཆང་གིས་གཟབ་སྦྲེང་རུ་ཁག་དང་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཞིབ་གནང་བ་རེད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་ཕེབས་ཡོད་པ་རེད།

  
style="display:none;"