འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎རང་རྒྱལ་གྱིས་རབས་8.5ཡི་གཤེར་ཤེལ་གྱི་ཤེལ་པང་ཐོག་མ་རང་བརྟེན་ཞིབ་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེང་པུའུ་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་18ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱི་རབས་8.5ཡི་TFT-LCDཡི་གཤེར་ཤེལ་གྱི་ཤེལ་པང་ཐོག་མ་ཨན་ཧུའེ་པེང་པུའུ་རུ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་ཐོན་རྫས་འདི་བཟོ་ལས་ཅན་གྱི་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་མཚོན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི་ཞེང་ཚད་ཆེ་བའི་བརྙན་ཤེལ་ལ་མཁོ་བའི་རབས་8.5ཡི་TFT-LCDཡི་གཤེར་ཤེལ་གྱི་ལྟེ་བའི་ལག་རྩལ་དེ་སྔོན་ཆད་ཕྱི་རྒྱལ་གྱི་ཁེ་ལས་མང་པོས་ཚོད་འཛིན་བྱས་ཡོད། གཤེར་ཤེལ་གྱི་ཤེལ་པང་འདི་ཉིད། རང་རྒྱལ་གྱི་བརྙན་ཤེལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་གཙོ་བོར་གྱུར་ཡོད། ཀྲུང་གོ་བཟོ་སྐྲུན་རྒྱུ་ཆ་པེང་པུའུ་ཤེལ་སྒོ་བཟོ་ལས་འཆར་འགོད་ཞིབ་འཇུག་ཁང་གིས་ལོ་གསུམ་ལྷག་ཙམ་རིང་ཞིབ་འཇུག་བྱས་པ་བརྒྱུད། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འདི་ལོའི་ཟླ་6ཚེས་18ཉིན་ཀྲུང་གོའི་རབས་8.5ཡི་TFT-LCDཡི་གཤེར་ཤེལ་གྱི་ཤེལ་པང་ཐོན་སྐྱེད་སྒྲུབ་རིམ་ལག་ལེན་བསྟར་འགོ་ཚུགས་པ་དང་། ཟླ་8ཚེས་26ཉིན་ཐོན་སྐྱེད་སྒྲུབ་རིམ་ནས་ཤེལ་པང་བཟོ་སྐྲུན་བདེ་བླག་ཐུབ་སྟེ་ཟླ་9ཚེས་18ཉིན་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།