འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཀོང་ཀྲོའུ་ཧེང་ཏ་རུ་ཁག་ཨེ་ཤེ་ཡའི་ཨང་དང་པོ་བརྩོན་ལེན་གྱི་རིམ་མཚུངས་མཉམ་འགྲན་གྱི་རུ་ཁག་རྩེ་གྲ་བཞིའི་ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རི་པིན་གྱི་ཚེ་ཁྲེང་རྫོང་དུ་གཉེར་བའི་2019ལོའི་ཨེ་ཤེ་ཡའི་ཨང་དང་པོ་བརྩོན་ལེན་གྱི་རིམ་མཚུངས་མཉམ་འགྲན་གྱི་བཞི་ཐོན་མཐའ་བསྡུར་ཁྲོད་ཀྲུང་གོའི་ཀོང་ཀྲོའུ་ཧེང་ཏ་རུ་ཁག་གིས་གཅིག་བསྡུར་གཅིག་གི་གྲུབ་འབྲས་ཐོག་ནས་རི་པིན་གྱི་ལུའུ་ཏའོ་ལུའུ་ཅའོ་རུ་ཁག་དང་བསྡུར་གྲངས་མཉམ་པ་དང་། ཕྱོགས་གཉིས་ཀྱི་འགྲན་བསྡུར་གཉིས་ཀྱི་བསྡུར་གྲངས་བསྡོམས་གཅིག་བསྡུར་གཅིག་ཡིན་པ་དང་། ཀོང་ཀྲོའུ་ཧེང་ཏ་རུ་ཁག་གིས་གཞན་གྱི་སྤོ་ལོ་ཐང་དུ་སྤོ་ལོ་བླུགས་པའི་ལེགས་ཆར་བརྟེན་ནས་རྩེ་གྲ་བཞིའི་འགྲན་བསྡུར་ནང་ཚུད།