འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཀྲུང་གོ་ཀོང་ཀྲོའུ་ཚོང་འདུས་དང་འོས་སྦྱོར་ཚོགས་འདུ་ཕོ་ལན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝར་སོ་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)དང་འོས་སྦྱོར་ཚོགས་འདུ་སྐབས་126པ་ཕོ་ལན་གྱི་རྒྱལ་ས་ཝར་སོར་འཚོགས་པ་རེད། ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ཕོ་ལན་གྱི་སྤྱི་ཁྱབ་ཚོང་ཚོགས། ཕོ་ཀྲུང་ཚོང་དོན་མཉམ་འབྲེལ་ལྷན་ཚོགས། ས་གནས་དེ་གའི་ཚོང་ལས་ལས་རིགས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ཞུས་ཞའོ་ཧྥེང་གིས། ཀོང་ཀྲོའུ་ཚོང་འདུས་ནི་ཕོ་ལན་གྱི་ཁེ་ལས་མཁས་ཅན་ཚོའི་ངོས་ནས་བརྗོད་ན་རྒྱུས་མངའ་མེད་པ་ཞིག་མིན། སྐབས་རིམ་བྱུང་གི་ཀོང་ཀྲོའུ་ཚོང་འདུས་ཀྱིས་ཕོ་ལན་གྱི་ཚོང་པ་1000ལྷག་ཙམ་ལྟ་སྐོར་དང་ཉོ་ཚོང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཀྲུང་ཕོ་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀོང་ཀྲོའུ་ཚོང་འདུས་ཀྱིས་སྒྲོག་ཐག་དང་ལས་སྟེགས་ཀྱི་ལེགས་ཆ་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཁ་གཏད་གཅོག་ཆེད་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
     ཕོ་ལན་འཕེལ་རྒྱས་པུའི་རྒྱལ་སྤྱི་མཉམ་ལས་སིའི་སི་ཀྲང་ཟུར་པ་ཡཱ་ཏང·པུའུ་ལུའོ་རེ་ཁེ་ཡིས་ཕོ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཀོང་ཀྲོའུ་ཚོང་འདུས་ཕོ་ལན་དུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།