འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎ལོ་10ཙམ་སོང་རྗེས་ཨ་རི་དང་བྷེ་ཨུ་རུ་སུས་སླར་ཡང་ཕན་ཚུན་གཞུང་ཚབ་ཆེ་མོ་བ་མངགས་གཏོང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཆབ་སྲིད་ལས་དོན་གྱི་འགན་འཁུར་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཏའེ་ཝུའེ· ཧེར་གྱིས་ཚེས་17ཉིན་ཨ་རིས་བྷེ་ཨུ་རུ་སུ་དང་སླར་ཡང་ཕན་ཚུན་གཞུང་ཚབ་ཆེ་མོ་བ་མངགས་གཏོང་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་པ་རེད། འདི་ནི་རྒྱལ་ཁབ་གཉིས་ཀྱིས་ཕལ་ཆེར་ལོ་བཅུ་སོང་རྗེས་སླར་ཡང་ཕ་རོལ་གྱི་གཞུང་ཚབ་ཆེན་མོ་བ་བསུས་པ་ཞིག་རེད།
     ཧེར་གྱིས་ཚེས་17ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མིང་སི་ཁོར་འཚམས་འདྲི་བྱས་ནས་བྷེ་ཨུ་རུ་སུའི་ཙུང་ཐུང་ཡ་ལི་ཧྲན་ཏ· ལུའུ་ཁ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ་རེད། ཁོང་གིས་སྨྱན་སྦྱོར་གྱི་གསར་འགོད་པར“(ཨ་རིས)བྷེ་ཨུ་རུ་སུའི་བདག་དབང་དང་རང་བཙན་ལ་་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། ཨ་རིས་མིང་སི་ཁོར་གཞུང་ཚབ་ཆེ་མོ་བ་མངགས་གཏོང་བྱ་རྒྱུ་དང་། བྷེ་ཨུ་རུ་སུས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ལ་གཞུང་ཚབ་ཆེ་མོ་བ་མངགས་གཏོང་བྱ་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད།
     བྷེ་ཨུ་རུ་སུའི་གསར་འགྱུར་ཁང་གིས་ཧེར་གྱི་གཏམ་བཤད་ལུངས་དྲངས་ནས་གནས་ཚུལ་སྤེལ་བའི་ནང་སླར་ཡང་ཕན་ཚུན་གཞུང་ཚབ་ཆེ་མོ་བ་མངགས་གཏོང་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་“ལོ་རྒྱུས་རང་བཞིན”གྱི་སླར་གསོ་བྱུང་བ་མཚོན་ཡོད་ཅེས་འཁོད་ཡོད།
     ཧེར་གྱིས་མིང་སི་ཁོར་འཚམས་འདྲི་མ་བྱས་གོང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཟུར་པ་གཡོད་ཧན· པོར་ཏུན་གྱིས་ཟླ་8པར་མིང་སི་ཁོར་འཚམས་འདྲི་བྱས་ནས་ཨ་རི་དང་བྷེ་ཨུ་རུ་སུའི་འབྲེལ་བ་ལེགས་སུ་གཏོང་འདོད་བྱས་ཡོད་པ་རེད།
     ཨ་རིས་དེ་སྔ་བྷེ་ཨུ་རུ་སུས་ཙུང་ཐུང་གི་འདེམས་བསྐོ་བྱེད་སྐབས་གཡོ་ཟོལ་བྱས་ཡོད་ཅེས་སྐྱོན་འཛུགས་བྱས་ནས་བྷེ་ཨུ་རུ་སུར་དཔལ་འབྱོར་གྱི་བཀག་སྡོམ་ཐེངས་མང་བྱས་པ་དང་། བྷེ་ཨུ་རུ་སུ་སྲིད་གཞུང་གིས་ཨ་རིས་རང་གི་རྒྱལ་ཁབ་ཀྱི་བདག་དབང་ལ་ཐེ་ཇུས་བྱེད་པའི་ལྐོ་གཤོམ་བྱས་ཡོད་ཅེས་སྐྱོན་འཛུགས་བྱས། རྒྱལ་ཁབ་གཉིས་ཀྱིས་2008ལོར་ཕན་ཚུན་གྱི་གཞུང་ཚབ་ཆེ་མོ་བ་མཐར་སྐྲོད་གཏོང་བ་མ་ཟད་ཕ་རོལ་རྒྱལ་ཁབ་ཏུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་མི་སྣའི་གྲངས་འབོར་ཉུང་ཤོས་སུ་བཏང་ནས་ད་བར་དུ་སླར་གསོ་བྱས་མེད།