འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་ཡོངས་ལུས་སྦྱོང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་མ་བཏང་ནས་
ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་ཡོངས་ལུས་སྦྱོང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་མ་བཏང་ནས་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
     《བསམ་འཆར》ནང་ལུས་རྩལ་ཐོན་ལས་ཀྱིས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལུས་རྩལ་ཐོན་ལས་ཀྱི་གཞི་རྒྱུ་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་གསོན་ཤུགས་དང་འཛད་སྤྱོད་ཀྱི་སྤྲོ་སེམས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ལུས་རྩལ་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་སུ་གྱུར་བར་སྐུལ་འདེད་གཏོང་བ་དང་ལུས་རྩལ་སྦྱོང་བརྡར་ནང་རྟག་ཏུ་ཞུགས་རྒྱུ་དེ་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་བ་བྱེད་དགོས་ཞེས་བསྟན་ཡོད།
     《བསམ་འཆར》ནང་། ཕྱོགས་བཅུའི་ཐད་ཀྱི་སྲིད་ཇུས་བྱ་ཐབས་བཏོན་ཡོད་པ་སྟེ། གཅིག་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་། གཉིས་ནས་ཐོན་ལས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གསུམ་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ། བཞི་ནས་ལུས་རྩལ་ཐང་གི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཆ་རྐྱེན་མཁོ་སྤྲོད་བྱེད་མང་དུ་གཏོང་བ། ལྔ་ནས་ལས་སྟེགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོ་སྟོབས་ཆེར་གཏོང་བ། དྲུག་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། བདུན་ནས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྒྱད་ནས“ལུས་རྩལ་+”ཡི་བྱ་སྤྱོད་ལག་བསྟར་བྱས་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དགུ་ནས་དཔེ་སྟོན་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་གཞི་རྟེན་གཏོད་པ། བཅུ་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་རེད།
     《བསམ་འཆར》ནང་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ས་ཁུལ་ཁག་གིས་འབྲེལ་ཡོད་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།