༄༅༎འགག་གསུམ་ལྟེ་གནས་ཀྱི་2019ལོའི་ཟོག་འདྲེན་ཤར་གཏོང་བྱེད་ཚད་ཏུན་དུང་ཕྱུར་ལས་བརྒལ་བ།
གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 09ཚེས་19ཉིན། 13:15】 (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)
ཀྲུང་གོ་འགག་གསུམ་ཚོགས་པའི་གནས་ཚུལ་ལ་གཞིགས་ན། ཟླ་9ཚེས་8ཉིན་བར། འགག་གསུམ་ལྟེ་གནས་ཀྱི་2019ལོར་རིམ་རྩིས་བྱས་ན་ཟོག་འདྲེན་ཤར་གཏོང་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་ཏེ་དེ་སྔ་ལས་ཟླ་ཕྱེད་སྔ་སྣུར་དུ་གྲུབ་པ་རེད། དེའི་ནང་། འགག་གསུམ་གྲུ་འགག་གི་ཟོག་འདྲེན་བྱེད་ཚད་ཏུན་ཁྲི་9937.7ཟིན་པ་དང་། འགག་གསུམ་གྲུ་འདེགས་འཕྲུལ་ཆས་ནས་ཟོག་འདྲེན་བྱེད་ཚད་ཏུན་ཁྲི་97.8ཟིན་ཡོད་པ་རེད།
ན་ནིང་། ཆུ་ཐོག་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་འགག་གསུམ་ཆུ་བོའི་ད་ལྟའི་དུས་བབ་གཞིར་བཟུང《འགག་གསུམ-ཀེ་ཀྲོའུ་པཱ་རགས་ཆེན་ཆུ་བེད་ལྟེ་བའི་གྲུ་གཟིངས་ཤར་གཏོང་གི་བཀོད་གཏོང་སྒྲིག་སྲོལ》གསར་པ་བཟོ་བཅོས་བརྒྱབ་ནས་ལག་ལེན་བསྟར་ཏེ་གྲུ་གཟིངས་བཀོད་གཏོང་རྩ་འཛུགས་ལེགས་སུ་བཏང་བ་དང་། ཤར་གཏོང་ཚོད་ལྟའི་དུས་མཚམས་ལ་གནས་པའི་འགག་གསུམ་གྲུ་འདེགས་འཕྲུལ་ཆས་དེ་ཉིད་འགག་སྒྲོལ་གྱི་བཀོད་གཏོང་ནང་དངོས་སུ་བཅུག་པ་རེད། འདི་ནི་ཟླ་9ཚེས་17ཉིན། གྲུ་གཟིངས་གོ་རིམ་ལྡན་པའི་ངང་འགག་གསུམ་གྱི་རིམ་པ་ལྔ་པའི་གྲུ་འགག་ནས་ཐོན་བཞིན་པ།