མི་དམངས་དྲ་བ།

༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། 
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ། 
མི་42ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་ཚེས་17ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུའི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་མི་42ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། 
     ཀྲུའུ་ཞིའི་བཀའ་རྒྱ་གཞིར་བཟུང་། ཡུས་མེ་དང་། ཧྲེང་ཅི་ལན(བུད་མེད)སུན་ཅ་ཏུང་། ལི་ཡན་ཉན། ཀྲང་ཕུའུ་ཆིང་། ཡོན་ལུང་ཕིང་། ཧོང་ཤུས་ཧྭ། ཐུའུ་ཡུའུ་ཡུའུ(བུད་མེད)བཅས་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་པ་རེད།
     ལུའོར·ཁ་སི་ཐེ་ལུའོ·ལུའུ་སི(ཁུ་པ)དང་། མཱ་ཧ་ཀྲ་ཁེ་ལི·ཧྲེ་ལིན་ཐུང(བུད་མེད། ཐེ་ལན) ས་ལི་མུའུ·ཨེ་ཧ་མའེ་ཏེ·ས་ལི་མུའུ(ཐན་ཙན་ནི་ཡ) ཅཱ་ལིན་ནཱ·ཝེ་ཉི་ཨ་སྨི་ནུའོ་ཕུའུ་ནཱ·ཁུ་ལི་ཁོ་ཝ(བུད་མེད། ཨུ་རུ་སུ) རན་ཕི་ཨེར·ལཱ་ཧྥ་ལན(ཧྥ་རན་སེ) དབྱི་ཧྲ་པེ·ཁོ་ལུའུ་ཁེ(བུད་མེད། ཁ་ན་ཏ)བཅས་ལ“མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟགས”སྤྲད་པ་རེད། 
     ཡེ་ཧྥེ་ཅན་དང་། ཝུའུ་ཝུན་ཅུན། ནན་རེན་ཏུང(མན་ཇུ་རིགས)ཀུའུ་ཧྥང་ཀྲོའུ། ཁྲེང་ཁའེ་ཅཱ་བཅས་ལ“མི་དམངས་ཀྱི་ཚན་རིག་མཁས་ཅན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཡུས་དབྱི(བུད་མེད)དང་། ཝེ་ཤིན་ཧྭ། ཀའོ་མིང་ཤོན་བཅས་ལ“མི་དམངས་ཀྱི་སློབ་གསོ་མཁས་ཅན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། ཝང་མོང་དང་། ཆིན་དབྱི(བུད་མེད)ཀུའོ་ལན་དབྱིན(བུད་མེད)བཅས་ལ“མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། ཨེ་རཱ་ཐི·མཱ་མུ་ཐི(ཡུ་གུར་རིགས)ཧྲེང་ལེང་ལེང་། མའེ་ཤན་ཏེ། ཀྲང་ཁྲའོ་བཅས་ལ“མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། ཝང་ཝུན་ཅའོ་དང་། ཝང་ཡིའུ་ཏེ(ཧུད་རིགས)ཝང་ཆི་མིང་། ཝང་ཅི་ཚའེ། པུ་རུའུ་མཱ་ཧན·མའོ་ལེ་ཏོ(བུད་མེད། ཁོར་ཁེ་ཙི་རིགས)ཀྲུའུ་ཡན་ཕུའུ། ལི་པའོ་གོ ཏུའུ་ཀུའེ་མཱ(བུད་མེད། སོག་རིགས)ཀའོ་ཏེ་རུང(ཏུའུ་ལུང་རིགས)བཅས་ལ“མི་དམངས་ཀྱི་མིག་དཔེའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། རག་སྡིས(བོད་རིགས)ལ“མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྤྲད་པ། ཏུང་ཅན་ཧྭ་ལ“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། ལི་ཏའོ་ཡུས་ལ“ཕྱི་འབྲེལ་ལས་དོན་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། ཧྥན་ཅིན་ཧྲེ(བུད་མེད)ལ“རིག་དངོས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

  
style="display:none;"