འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎གང་འདྲ་བྱས་ཏེ་འབྲི་གཡག་གི་རིན་ཐང་མངོན་པར་བྱེད་དགོས་སམ།

—— སི་ཁྲོན་ས་མཐོའི་བོད་རིགས་ས་ཁུལ་གྱི་གཞི་རིམ་གྱི་ཕྱུགས་རིགས་ལས་དོན་པ་ཞིག་གི་དབུལ་སྐྱོར་བྱེད་ཐབས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ལོ་51ལ་སླེབས་པའི་ཀྲོའུ་ཅུན་ལྷོ་ནུབ་ཚན་རྩལ་སློབ་ཆེན་ནས་ཐོན་ཞིང་། ཁོང་གིས་ལོ་མང་རིང་འབྲི་གཡག་གསོ་ཚགས་ལག་རྩལ་ལ་ཞིབ་འཇུག་བྱས་ཡོད།
     འདི་ལོའི་ཟླ་8པར། ཁོང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སན་ཞང་ཞིང་འབྲོག་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཕྱུགས་ལས་ཆེ་མོ་བའི་འགན་འཁུར། འབྲི་གཡག་གི་ཤ་ཤེད་རྒྱས་ཚུལ་དང་ཐོན་སྐྱེད་གནས་ཚུལ་ཤེས་རྟོགས་གསལ་པོ་བྱ་ཆེད། ཁོང་གིས་དཀར་མཛེས་ཀྲོའུ་རུ་སྔ་རྗེས་སུ་ཁྱོན་སྤྱི་ལེ་5000ལྷག་ཙམ་བསྐྱོད་དེ་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་ཐབས་སྤྱད་ནས་བོད་རིགས་ས་ཁུལ་གྱི་འབྲོག་པ་ཚོར་རོགས་སྐྱོར་བྱས།
     ཤིན་ཏུ་དབུལ་པོའི་ས་ཁུལ་ཞིག་ཡིན་པའི་དཀར་མཛེས་ཀྲོའུ་ཡི་དམིགས་བསལ་གྱི་རང་བྱུང་དང་། ལོ་རྒྱུས། ས་ཁམས། སྤྱི་ཚོགས་སོགས་ཀྱིས་རྐྱེན་པས། དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་ལ་ཐོན་ལས་འཕེལ་རྒྱས་ཀྱང་ཐར་ཐོར་ཉམས་ཞན་ཡིན་ཞིང་། མིག་སྔར་ད་དུང་རྫོང་12ཡི་གྲོང་ཚོ་251གི་དུད་ཚང་7751དབུལ་གྲོལ་ཐུབ་མེད།
     ཕྱོགས་གཞན་ཞིག་ནས་བལྟས་ཚེ། དཀར་མཛེས་ཀྲོའུ་ནི་འཛམ་གླིང་ཡོངས་ཀྱི་འབྲི་གཡག་གསོ་ཚགས་བྱ་ཡུལ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོ་ནི་འབྲི་གཡག་གསོ་ཚགས་ཀྱི་རྒྱལ་ཁབ་ཆེ་གྲས་ཤིག་ཡིན་ཞིང་། འབྲི་གཡག་མགོ་གྲངས་ཁྲི་2200ཡོད་པ་དེས་འཛམ་གླིང་གི་སྤྱི་འབོར་གྱི་90%ཡན་བཟུང་ཡོད། 2018ལོར་དཀར་མཛེས་ཀྲོའུ་ཡིས་འབྲི་གཡག་མགོ་གྲངས་ཁྲི་189.58གསོ་ཚགས་བྱས་ཤིང་། ཀྲོའུ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཚང་མས་གསོ་ཚགས་བྱེད་ཀྱི་ཡོད།
     “འབྲི་གཡག་ནི་དཀར་མཛེས་ཀྲོའུ་ཡི་ཐོན་ནུས་ཧ་ཅང་ཆེན་པོ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་གསོ་ཚགས་ལས་རིགས་ཁྲོད་ཀྱི་རྗེས་ལུས་ཐེབས་པའི་ཐོན་ནུས་ཆེ་ཤོས་ཤིག་ཀྱང་ཡིན་པས། ད་དུང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད”ཅེས་ཀྲོའུ་ཅུན་གྱིས་བཤད།
     “ང་ཚོ་ཚོང་ལས་དཔལ་འབྱོར་གྱི་སྤྱི་ཚོགས་སུ་སླེབས་མོད། འོན་ཀྱང་དཀར་མཛེས་ཀྲོའུ་ཡི་ཤིན་ཏུ་ཆེ་བའི་འབྲི་གཡག་ཁྱུ་ཚོགས་ལས་ཚོང་ལས་དཔལ་འབྱོར་གྱི་རིན་ཐང་ཐོན་མེད། སྣང་ཚུལ་དེ་དག་ད་དུང་བོད་རིགས་ས་ཁུལ་ཁག་ཏུ་ཡོངས་ཁྱབ་ཡིན་པས། ངོ་མ་ནོར་བུ་རང་ལ་ཡོད་ཀྱང་ནོར་བུའི་ནོར་ཉམས་མ་ཆོད་པ་ཞིག་རང་རེད”གནད་དོན་དེ་རིགས་ཐག་གཅོད་བྱེད་པར། དེང་རབས་ཀྱི་ཚན་རིག་ལག་རྩལ་ནང་འདྲེན་བྱས་ཏེ། ཕྱུགས་འཚོ་བ་དང་མི་ཐབས་གཟན་སྟེར་ཟུང་སྦྲེལ་གྱིས་འབྲི་གཡག་གང་མགྱོགས་རྒྱགས་གསོ་བྱས་ནས་འབྲོག་པ་ཚོར་འབབ་འཕར་ཐོན་འཕར་ཡོང་བ་དང་། རྩྭ་ཐང་གི་ཁོར་ཡུག་ལེགས་སུ་འགྲོ་བ། ཤའི་ཐོན་རྫས་ཕུན་སུམ་ཚོགས་སུ་འགྲོ་བ་བཅས་བྱ་རྒྱུ་དེ་རེད།
     སྔོན་ཆད་འབྲི་གཡག་ལོ་6ཙམ་འཚོས་ན་གཞི་ནས་རྒྱ་མ་500ལྷག་ཙམ་ལོན་གྱི་ཡོད། འོན་ཀྱང་ཚན་རིག་དང་མཐུན་པའི་གསོ་ཚགས་བྱས་རྗེས་ད་ཆ་ལོ་3ཙམ་ལ་སླེབས་པའི་འབྲི་གཡག་དུས་ཐུང་ཟླ་བ་5ཡང་མ་འགོར་བར་རྒྱ་མ་500ལྷག་ཙམ་ལོན་གྱི་ཡོད། དེ་བས་ཀྱང་ལོ་3ཙམ་གྱི་འབྲི་གཡག་ནི་ཤ་སྤུས་དག་ཤོས་སྐབས་རེད་ཅེས་ཁོང་གིས་དཔེ་དྲངས་ཀྱིན་བཤད།
     ཚན་རིག་དང་མཐུན་པའི་གསོ་ཚགས་བྱས་པ་བརྒྱུད། འབྲོག་པ་ཚོར་ཡོང་འབབ་ཁེ་གཙང་སྒོར་1000ཡན་མང་དུ་སོང་བ་ལས་རྩྭ་རའི་ཐོན་ཁུངས་40%གྲོན་ཆུང་ཐུབ་ནས། སྣོད་བཅུད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་བ་མ་ཟད། ད་དུང་སྤྱི་ཚོགས་ལ་སྤུས་དག་གི་ཤའི་ཐོན་རྫས་འབོར་ཆེན་མཁོ་འདོན་ཐུབ་ཀྱི་ཡོད།
     “འདེབས་འཛུགས་དང་གསོ་ཚགས་མི་སེར་དང་ཐག་ཉེ་ཤོས་ཡིན་པས། ཐོན་ལས་དབུལ་སྐྱོར་བྱེད་པར་ཕྱོགས་དེ་གཉིས་ནས་འགོ་བཙུགས་ཏེ། ཞིང་ནང་དང་མུ་ཁའི་ལག་རྩལ་མི་སེར་ཚོར་སློབ་པ་དང་། ཁོ་ཚོར་དཔལ་འབྱོར་གྱི་ཕན་འབྲས་ཆེ་བའི་ལས་དོན་བསྒྲུབས་ནས་ཁེ་འབབ་ཆེ་བའི་རྣམ་གྲངས་གཉེར་རོགས་བྱེད་དགོས”མི་སེར་ཚོས་འབྲི་གཡག་གསོ་ཚགས་བྱེད་ཤེས་པ་བྱས་ནས་ཐབས་ཤེས་ལ་བརྟེན་ནས་དབུལ་སྒྲོལ་དང་། ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ། ཁྲོམ་རར་བརྟེན་ནས་དབུལ་སྒྲོལ་བཅས་ཡོང་བའི་རེ་བ་ཡོད་ཅེས་ཀྲོའུ་ཅུན་གྱིས་གསར་འགོད་པར་བཤད་བྱུང་།
     ཀྲོའུ་ཅུན་གྱིས་གོམ་སྟབས་རྗེས་མར། དཀར་མཛེས་ཀྲོའུ་ཀྲེ་ཏོ་རི་བོའི་ཤར་རྒྱུད་དུ་འབྲི་གཡག་གི་ཚན་རིག་དང་མཐུན་པའི་གསོ་ཚགས་ཀྱི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་རྒྱུ་དང་དུས་ཚོད་གང་འཚམ་སོང་རྗེས་ཡང་བསྐྱར་ཀྲེ་ཏོ་རི་བོའི་ནུབ་རྒྱུད་ནས་དཀར་མཛེས་ཀྲོའུ་ཡི་དབུས་རྒྱུད་བར་རིམ་བཞིན་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞེས་བཤད།