འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས། “རྒྱལ་སྟོན”རིང་གི་རི་འཛེག་ཕྱིར་སྐྱོད་ལུས་རྩལ་བདེ་འཇགས་ཐད་དྲན་སྐུལ་དང་བརྡ་ཐོ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས“རྒྱལ་སྟོན”རིང་གི་རི་འཛེག་ཕྱིར་སྐྱོད་ལུས་རྩལ་བདེ་འཇགས་ཐད་དྲན་སྐུལ་དང་བརྡ་ཐོ་བཏང་ནས། རྒྱ་ཆེའི་རི་འཛེག་ལ་དགའ་པོ་བྱེད་མཁན་དང་རི་འཛེག་ལུས་རྩལ་རྩ་འཛུགས་སྒྲིག་གཞིར་དྲན་སྐུལ་བྱས་པ་རེད།
     ཕྱིར་སྐྱོད་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྱི་བདེ་འཇགས་ལ་དམིགས་ནས། གཅིག བོད་རང་སྐྱོང་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་དང་དེ་མིན་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡན་གྱི་རི་རྩེར་འཛེགས་དགོས་ཚེ། 《རྒྱལ་ནང་རི་འཛེག་དོ་དམ་བྱེད་ཐབས》ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རེ་ཞུ་དང་ཞིབ་མཆན་ཐོབ་དགོས་པ་དང་།
     གཉིས། རྐང་ཐང་ལུས་རྩལ་དང་ལུས་སྦྱོང་རི་འཛེག་སོགས་ཕྱིར་སྐྱོད་ལུས་རྩལ་ལ་ཞུགས་སྐབས། ས་གནས་ཁག་གི་འབྲེལ་ཡོད་རི་འཛེག་ཕྱིར་སྐྱོད་ལུས་རྩལ་གྱི་ཁྲིམས་སྲོལ་ལ་སྲུང་བརྩི་ཞུས་ནས་དམིགས་སའི་ཁུལ་དང་དེ་བཞིན་ལམ་རྒྱུད་ཀྱི་ཁོར་ཡུག་དང་མཁོ་ཆས། མི་སྣའི་རང་ངོས་ཆ་རྐྱེན་སོགས་ཕྱོགས་མང་པོའི་ཐད་ནས་གྲ་སྒྲིག་ཨང་གསར་བྱེད་དགོས་པ།
     གསུམ། ཕྱི་ཕྱོགས་སུ་ཉེན་ཁ་འཕྲད་སྐབས་དངངས་སྐྲག་མི་བྱེད་པར་རང་ཉིད་ཀྱི་གནས་ཚུལ་ལ་ཁ་གཏད་གཅོག་གང་ཐུབ་བྱེད་པ་དང་། མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་ནན་པོ་བྱས་ཏེ་ཐབས་ཤེས་གང་ཡོད་བཏོན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རང་ཉིད་སྐྱོབ་ཐབས་བྱེད་དགོས་པ།
     བཞི། ཕྱིར་ཚ་ཕོག་རྒྱག་སྐབས་གད་སྙིགས་གཙང་མ་བཟོས་ནས་རང་བྱུང་རྣམ་པར་སྲུང་སྐྱོང་དང་བདག་ཏུ་མི་བཟུང་བའི་སྲོག་ཆགས་ཀྱི་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་འབྲེལ། ཕྱིར་བྱེད་སྒོ་སྤེལ་མཁན་གཞན་ལ་བསམ་བློ་གཏོང་དགོས་པ་མ་ཟད། ས་གནས་ཀྱི་དམངས་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་ཡོད།
     རི་འཛེག་མཐུན་ཚོགས་དང་སྤྲོ་སྐྱིད་ཁང་ཁག་དང་དེ་བཞིན་འབྲེལ་ཡོད་སྒྲིག་གཞི་གཞན་ལ་བཏང་བའི་བརྡ་ཐོའི་ནང་། རི་འཛེག་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་དང་དེ་མིན་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གཞན་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡན་གྱི་རི་རྩེར་འཛེགས་སྐབས།《རྒྱལ་ནང་རི་འཛེག་དོ་དམ་བྱེད་ཐབས》ནང་གི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་རེ་ཞུ་དང་ཞིབ་མཆན་ཐོབ་དགོས་པ་དང་། སྲིད་གཞུང་དང་། ལུས་རྩལ། ཡུལ་སྐོར་བཅས་སྲིད་འཛིན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྒྲིག་འཛུགས་དོ་དམ་ལས་དོན་དང་ལྷག་པར་དུ་ལག་རྩལ་མཐོ་བ་དང་ཉེན་ཁ་ཆེ་བའི་རི་འཛེག་ལུས་རྩལ་འགྲན་བསྡུར་དང་བྱེད་སྒོར་ཤུགས་སྣོན་རྒྱག་དགོས་པ། ལྷུ་ཚིགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ནས་བྱེད་སྒོའི་ཉེན་ཁའི་དོ་དམ་མ་ལག་བཙུགས་ནས་ལག་རྩལ་སྟོབས་ཤུགས་དང་དངོས་ཟོག་འགན་ལེན་གང་ལེགས་བྱེད་དགོས་པ། རླངས་འཁོར་དང་། བཟའ་བཅའ་དང་འཕྲོད་བསྟེན། རྒྱུ་ནོར་དངོས་ཟོག ལག་རྩལ་བཀོལ་སྤྱོད་སོགས་བདེ་འཇགས་བྱེད་ཐབས་འགན་ལེན་བྱེད་དགོས་པ། ལུས་རྩལ་སྲིད་འཛིན་སྡེ་ཚན་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། བྱེད་སྒོ་སྤེལ་ས་ཉེན་ཁ་ཤེས་རྟོགས་བྱུང་བ་དང་མྱུར་སྐྱོབ་བྱེད་བདེ་བའི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས་པ། རི་འཛེག་ལུས་རྩལ་ནང་གི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ནན་ཏན་ངང་འཛུགས་པ་དང་ལག་བསྟར་བྱས་ཏེ། བདེ་འཇགས་དོ་དམ་བྱེད་ཐབས་ཁག་ནན་དུ་གཏོང་དགོས་པ། བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ། རི་འཛེག་ལུས་རྩལ་ནང་ཞུགས་མཁན་གྱི་བདེ་འཇགས་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་བཅས་བཏོན་ཡོད།