འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎མེའོ་རིགས་གྲོང་ཚོའི་སྐས་ཞིང་དུ་སྟོན་བསྡུ་བྱེད་པར་བྲེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་ཅི་ཧོ་ཤང་ཅི་ཧོ་གྲོང་ཚོའི་དབྱང་ཁའེ་མིའོ་རིགས་གྲོང་ཚོའི་ཆུ་འབྲས་རིམ་བཞིན་སྨིན་པ་དང་། ཞིང་པ་ཚོས་ཞིང་ལས་དུས་ཚོད་དམ་འཛིན་གྱིས་འབྲས་བརྔ་བསྡུ་བྱེད་བཞིན་ཡོད། མཁའ་དབྱིངས་ནས་བལྟས་ན་རིམ་པ་བསྟར་ཆགས་ཀྱི་སྐས་ཞིང་དབྱེ་བ་གསལ་པོ་ཆོད་དེ་གནའ་ཉམས་བབ་ཆགས་ཀྱི་མེའོ་རིགས་གྲོང་ཚོའི་ཤིང་ཁང་དང་ཕན་ཚུན་མཛེས་རྒྱན་སྤྲས་ཏེ་ལྟ་བས་མི་ངོམས་པ་ཞིག་ཡོད།