འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎ཟླ་དང་པོ་ནས་བརྒྱད་པ་བར་རང་རྒྱལ་དུ་ལོ་ཧྲིལ་པོའི་ལས་ཞུགས་གསར་འཕར་དམིགས་ཚད་ཀྱི་བརྒྱ་ཆ་
དགུ་བཅུ་ཙམ་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ལས་ཞུགས་དུས་བབ་བརྟན་པོའི་རྣམ་པ་རྒྱུན་མཐུད་བྱུང་ཡོད། ཚེས་16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པ་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་984ལས་ཞུགས་ཐུབ་སྟེ། ལོ་ཧྲིལ་པོའི་འཆར་གཞི་89.6%ཙམ་ལེགས་གྲུབ་བྱུང་ཡོད།
     བརྟག་དཔྱད་བྱས་པ་བརྒྱུད། ལས་ཀ་ཤོར་ཚད་ཀྱང་ཅུང་ཆག་ཡོད། བསྡོམས་རྩིས་ལས་མངོན་དོན། ཟླ་8པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པ་བརྒྱུད། ལས་ཀ་ཤོར་ཚད་5.2%ཟིན་ཞིང་། ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་པ་དང་། དེའི་ཁྲོད་དུ་ལོ་25ནས་59བར་གྱི་མི་འབོར་ལ་བརྟག་དཔྱད་བྱེད་སྐབས་ལས་ཀ་ཤོར་ཚད་4.5%ཟིན་པ་དང་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད། རྒྱལ་ཡོངས་ཀྱི་ཁེ་ལས་སུ་ལས་ཞུགས་ཐུབ་པའི་མི་སྣས་གཟའ་འཁོར་རེར་ཆ་སྙོམས་ལས་ཀ་བྱེད་ཡུན་ཆུ་ཚོད་46.6ཡིན་པ་དང་། དེ་ཟླ་གོང་མ་ལས་ཆུ་ཚོད་0.1གིས་རིང་དུ་སོང་ཡོད།