འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎རང་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་མགྱོགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བཀྲམ་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ཟླ་8པ་བར་རྒྱལ་ཁབ་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་5.5%འཕར་བ་དང་། འཕར་ཚད་དེ་ཟླ་དང་པོ་ནས་ཟླ་7པ་བར་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད། དེའི་ནང་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་བྱེད་ཚད་4.2%འཕར་བ་དེ་ཟླ་1པོ་ནས་7པ་བར་ལས་བརྒྱ་ཆའི་གྲངས་0.4ཡིས་མགྱོགས་པ་ཡོད།
     རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དེ་ཉིན་ཟླ་8པའི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་ཤིང་། ཐོན་སྐྱེད་ཐད། ཟླ་8པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཐོན་སྐྱེད་ཀྱི་སྟོན་གྲངས་ལོ་གོང་མའི་དུས་མཚུངས་ལས་6.4%འཕར་བ་དང་འཕར་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1གིས་མགྱོགས་པ་ཡོད། ཟླ་8པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་4.4%འཕར་བ་དང་འཕར་ཚད་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4ཆག་པ། ཟླ་བ་གོང་མའི་འཕར་ཚད་0.32%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.13གྱིས་མགྱོགས་པ་ཡོད།
     དགོས་མཁོའི་ཐད། ཟླ་8པར་སྤྱི་ཚོགས་ཀྱི་མཛད་རྫས་ཟིལ་ཚོང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་7.5%འཕར་ནས་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་པ་དང་། རླངས་འཁོར་ཕུད་པའི་འཛད་རྫས་ཟིལ་ཚོང་གི་གྲངས་འབོར་9.3%འཕར་བ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.5ཡིས་མགྱོགས་པ་ཡོད། གཞན་ཡང་། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཏེ་ཟླ་དང་པོ་ནས་8པ་བར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཐད་ཀྱི་མ་འཇོག་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་12%དང་14.9%ཁག་སོ་སོར་འཕར་ནས་འཕར་ཚད་དེ་མ་འཇོག་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་6.5དང་9.4ཡིས་མགྱོགས་པ་ཡོད།