འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎ཀྲུང་གོ་དང་སར་པི་ཡས་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ཐོག་མ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན་ཀྲུང་གོ་དང་སར་པི་ཡའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་གི་ཉེན་རྟོག་རུ་ཁག་ཐོག་མར་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་སྤྱི་བདེ་པུའུ་རུ་འཚོགས་པ་དང་ཧུའུ་པེའི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དྲུག་གིས་ཀྲུང་གོའི་སྤྱི་བདེ་ལས་ཁུངས་ཀྱི་ཚབ་བྱས་ཏེ་སར་པིའི་ཡའི་པེལ་ཀེ་རེ་ཏེ་དང་ནུའོ་ཝེ་སཱ་ཏེ་སོགས་སུ་བསྐྱོད་དེ་སར་པི་ཡའི་ཉེན་རྟོག་པ་དང་མཉམ་དུ་དུས་ཡུན་ཟླ་བ་གཅིག་གི་མཉམ་འབྲེལ་སྐོར་གཡེང་བྱ་རྒྱུ་དང་འབྲེལ་སར་པི་ཡའི་ཉེན་རྟོག་ཕྱོགས་ལ་སར་པི་ཡར་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད།
     ད་ཐེངས་སར་པི་ཡར་སྤེལ་བའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་ནི་སྤྱི་བདེ་ལས་ཁུངས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བའི་བདེ་འཇགས་ཁེ་དབང་སྲུང་སྐྱོང་གི་བྱེད་ཐབས་གཞན་ཞིག་རེད་ལ། ཀྲུང་གོ་དང་སར་པི་ཡའི་ཉེན་རྟོག་ཕྱོགས་ཀྱི་ཕན་ཚུན་ཡིད་ཆེས་ཟབ་མོ་མངོན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པའང་མཚོན་ཡོད།