འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅།།སློབ་གསོ་པུས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་བྱ་
རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་16ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སློབ་གསོ་པུས“དུས་རབས་གསར་པའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་སྤུས་དག་གསར་གཏོད་བྱ་སྤྱོད”ལག་བསྟར་བྱ་རྒྱུའི་ལས་དོན་ཇུས་གཞི་བཟོས་པའི་ནང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གཙོ་བོར་བྱས་པའི་ཚན་ཞིབ་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་གྲུབ་འབྲས་དངོས་དང་བསམ་བློ་ཆབ་སྲིད་ལས་དོན་ལག་ལེན་གྱི་གཞི་རྩའི་བླང་བྱར་ཤུགས་སྣོན་རྒྱག་རྒྱུ། སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག་གིས་བཟུང་བའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། སློབ་ཐོན་ལག་ཁྱེར་དང་། དཔྱད་རྩོམ། གོ་གནས་བཅས་ཁོ་ནར་དམིགས་པའི་གནད་དོན་མཐའ་གཅིག་ཏུ་ཁྱད་བསད་བྱ་རྒྱུ་བཅས་བཏོན་ཡོད།
     ཇུས་གཞིའི་ནང་། མཐོ་སློབ་ཀྱིས་ཆེད་ལས་ལག་རྩལ་ལས་སྒོའི(ལས་ཀའི་གོ་མིང)ཞིབ་དཔྱད་ལས་དོན་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཁོངས་གཏོགས་ལོགས་སུ་བཀོད་སྒྲིག་བྱས་ཏེ། དགེ་རྒན་གྱི་བསྡུར་ཚད་གཞིར་བཟུང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་ཆེད་ལས་ལག་རྩལ་ལས་སྒོ(ལས་ཀའི་གོ་མིང)རིགས་ཁག་གི་ལས་གནས་ཀྱིས་བཟུང་བའི་བསྡུར་ཚད་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་ཞིབ་གྲུབ་འབྲས་གཏན་འཁེལ་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་སྟེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱིས་ཀྲུང་དབྱང་དང་ས་གནས་ཀྱི་སྨྱན་སྦྱོར་གཙོ་བོའི་ཐོག་སྤེལ་གཏོང་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་དག་རིག་གཞུང་གྲུབ་འབྲས་ཀྱི་ཁྱབ་ཁོངས་ནང་འཇུག་དགོས་ཞེས་བཏོན་ཡོད།
     དེ་དང་དུས་མཚུངས་སུ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ལ་ལྕག་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དག་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་རྣམ་གྲངས་ནང་བཅུག་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་སློབ་གྲྭའི་ལས་བྱེད་དཔུང་ཁག་གི་འབྱུང་ཁུངས་གཙོ་བོར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་ཚད་ལོན་མེད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དགེ་རྒན་ཕྱིར་འཐེན་ལམ་སྲོལ་ཡང་ལག་བསྟར་བྱེད་དགོས།
     ཇུས་གཞིའི་ནང་ལོ་གཉིས་རེར་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་འགྲེམས་སྟོན་བྱེད་སྒོ་ཐེངས་རེ་སྤེལ་ཏེ། སློབ་ཁྲིད་ཀྱི་ཁ་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་དང་སེམས་རྩ་འཁོལ་པོས་སློབ་ཁྲིད་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་རེད།