འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་འཁྲབ་སྦྱོང་ཐེངས་གཉིས་པ་བདེ་བླག་
ངང་མཇུག་སྒྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། གསར་འགོད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། ཟླ་9ཚེས་14ཉིན་གྱི་ཕྱི་དྲོ་ནས་ཚེས་16ཉིན་གྱི་ཐོ་རེངས་བར། པེ་ཅིང་གི་གནམ་བདེ་སྒོ་མོའི་ཁུལ་དང་ཁྲང་ཨན་ཁྲོམ་གཞུང་རྒྱུད་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གོ་རིམ་ཡོངས་དང་། གནད་ཆེའི་རྒྱུ་རྐྱེན་ཡོངས།  ནུས་པ་ཁག་གཅིག་གི་འཁྲབ་སྦྱོང་ཐེངས་གཉིས་པ་བྱས་པ་དང། མི་ཁྲི་28ཙམ་འཁྲབ་སྦྱོང་ནང་ཞུགས་པ་དང་། མཛད་གཟིགས་སམ་ཡུལ་དངོས་ཀྱི་འགན་སྲུང་ལས་དོན་འདྲ་མིན་གྱི་འགན་འཁུར་བ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་གཉིས་པའི་འཁྲབ་སྦྱོང་ནང་རྟེན་འབྲེལ་ཚོགས་ཆེན་གྱི་མཛད་སྒོ་དང་། དམགས་གཟིགས། མང་ཚོགས་ཀྱི་ཁྲོམ་སྐོར། མཉམ་སྤྲོའི་བྱེད་སྒོ། གནས་སྒྱུར་བ་དང་དེ་བཞིན་འཕྲལ་བསྟུན་ཐག་བཅད་བཅས་རྣམ་གྲངས་6གི་འཁྲབ་སྦྱོང་ནང་དོན་ཡོད་པ་ལས། གཙོ་བོ་ནང་ཁུལ་གྱི་སྦྲེལ་མཐུད་ཡག་པོ་ཡོང་བ་བྱེད་པ་དང་། ཁྱོན་ཡོངས་ནས་ཕྱོགས་ཁག་གི་སྒྲིག་འཛུགས་བཀོད་འདོམས་དང་འགན་སྲུང་མ་ལག་གི་འཁོར་སྐྱོད་ལས་དོན་ལ་ཞིབ་བཤེར་བྱ་རྒྱུ་དེ་རེད།     ཐེངས་གཉིས་པའི་འཁྲབ་སྦྱོང་དེ་ཐེངས་དང་པོའི་འཁྲབ་སྦྱོང་གི་རྨང་གཞིའི་ཐོག་མི་སྣ་དང་གནད་ཆེའི་རྒྱུ་རྐྱེན་དང་ལྷུ་ཚིགས་བཅས་སྔར་ལས་མང་བ་འཕར་སྣོན་བྱས་ཡོད། དེའི་ཁྲོད། དམག་གཟིགས་དང་ལེན་བྱེད་མཁན་དཔུང་སྡེས་དམག་གཟིགས་མཛད་སྒོ་དང་།   དམག་རིགས་རྣམ་འབྱེད་ཀྱི་རུ་སྟར། ས་ངོས་ཀྱི་སྐས་རིམ་རུ་སྒྲིག་འཁྲབ་སྦྱོང་བཅས་གཙོ་བོར་བྱས་ཡོད། མང་ཚོགས་ཀྱི་ཁྲོམས་སྐོར་གྱིས་གཙོ་བོ་རུབ་འཛོམ་དང་ཁ་འགྲེམ་པ་དང་། སྤྱི་ཡོངས་མདུན་སྐྱོད། སྦྲེལ་མཐུད་མཐུན་སྦྱོར་བཅས་ཀྱི་འཁྲབ་སྦྱོང་བྱས་ཡོད་པ་དང་།  མཉམ་སྤྲོའི་བྱེད་སྒོས་འཁྲབ་སྟོན་ཁུལ་སོ་སོའི་སྤྱི་ཡོངས་མཉམ་འདྲེས་དང་སྦྲེལ་མཐུད་མཐུན་སྦྱོར་གྱི་འཁྲབ་སྦྱོང་བྱས་ནས་ཡུལ་དངོས་གཞི་གཅིག་ཏུ་གྱུར་བའི་འཁྲབ་སྟོན་རྣམ་པ་མངོན་པར་བྱས་པ་རེད།
    པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་།  ཐེངས་གཉིས་པའི་འཁྲབ་སྦྱོང་གིི་དུས་ཚོད་བར་བརྒལ་རིང་བ་དང་། འབྲེལ་ཡོད་ཁུལ་ཁྱབ་རྒྱ་ཆེ་བས་རྒྱ་ཆེའི་གྲོང་མིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།