འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་གཟའ་འཁོར་འགོ་ཚུགས་ཉེར་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་གཟའ་འཁོར་འགོ་ཚུགས་ཉེར་ཡོད་པ།
     མི་དམངས་དྲ་བའི་འཕྲིན། “བཅུ་པའི་ཚེས་གཅིག”གི་གུང་གསེང་རིང་པོ་སླེབས་ཉེར་ཡོད་པ་དང་བསྟུན་ནས། ས་གནས་ཁག་གིས་ཐབས་ཤེས་སྣ་ཚོགས་སྤྱད་ནས་ཚོང་ལས་ཀྱི་གོ་སྐབས་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད། ཟླ་9ཚེས་16ཉིན། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་བཅུ་པའི་ཚེས་གཅིག་རྒྱལ་སྟོན་དུས་ཆེན་གྱི་ཡུལ་སྐོར་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་དང་སྐབས་དང་པོའི་སྟག་མཆོང་རོང་ཧ་པ་གངས་རིའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་ཤིང་། སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྣ་མང་གི་མི་རིགས་གོམས་སྲོལ་མྱོང་ཚོར་གང་ལེགས་ཐུབ་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་སྟོན་རིང་། སེམས་ཀྱི་ཉི་ཟླས་ཡུལ་སྐོར་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།
【1】  【2】  【3】
༄༅༎འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་གཟའ་འཁོར་འགོ་ཚུགས་ཉེར་ཡོད་པ།