འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།སའོ་ལོ་མན་གླིང་ཚོམ་གྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སའོ་ལོ་མན་གླིང་ཚོམ་སྲིད་གཞུང་གིས་ཐའེ་ཝན་དང་“འབྲེལ་བཅད”ནས་ཀྲུང་གོ་དང་འབྲེལ་བ་བཙུགས་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ། 
    གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་16ཉིན། སའོ་ལོ་མན་གླིང་ཚོམ་སྲིད་གཞུང་གིས་ནང་བློན་གྲོས་ཚོགས་འཚོགས་ནས། ཀྲུང་གོ་གཅིག་གི་རྩ་དོན་ངོས་ལེན་དང་། ཐའེ་ཝན་དང་“འབྲེལ་བཅད”ནས་ཀྲུང་གོ་དང་འབྲེལ་བ་འཛུགས་རྒྱུ་ཐག་བཅད་འདུག  ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་འདྲ་ཞིག་ཡོད་དམ་ཞེས་དྲིས་པ་ལ། 
    ཧྭ་ཁྲུན་ཡིང་གིས། ཀྲུང་གོ་ཕྱོགས་ཀྱིས་སའོ་ལོ་མན་གླིང་ཚོམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ངོས་ལེན་བྱས་ནས། ཐའེ་ཝན་དབང་འཛིན་ལས་ཁུངས་དང“ཕྱི་འབྲེལ་”ཟེར་བ་དེ་བཅད་ནས་ཀྲུང་གོ་དང་འབྲེལ་བ་བཙུགས་པ་ལ་བསྟོད་བསྔགས་ཆེན་པོ་བྱ་རྒྱུ་དང་། སའོ་ལོ་མན་གླིང་ཚོམ་གྱིས་བདག་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་གི་ཆ་ནས་རང་འགུལ་གྱིས་ཆོད་དོན་གལ་ཆེན་བཞག་པའི་ཐད་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། 
མོ་རང་གིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་རེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། འདི་ནི་གཞི་རྩའི་དོན་དངོས་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་ཡང་རེད། ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་178དང་ཕྱི་འབྲེལ་དངོས་སུ་བཙུགས་ཡོད། སའོ་ལོ་མན་གླིང་ཚོམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ངོས་བཟུང་ནས་ཀྲུང་གོ་དང་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པ་དེ་ལས། ཀྲུང་གོ་གཅིག་གི་རྩ་དོན་ནི་མི་དམངས་ཀྱི་རེ་སྙེག་དང་དུས་ཀྱི་འཕེལ་ཕྱོགས་ཡིན་པས། འགོག་ཐབས་མེད་པ་གྱུར་ཡོད་པ་གསལ་བཤད་ཡང་དག་བྱས་ཡོད་ཅེས་བཤད།