འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།སྣང་རྫོང་གི་གསོ་མོ་འཚལ་གྲོང་ཚོའི་ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་རྒྱལ་སྟོན་དགའ་བས་བསུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་གྲོང་མི་ཚེ་རིང་དང་ཡུལ་མི་ཚོས་ཁང་པ་གསར་པའི་ཐོག་རྒྱལ་དར་བཀལ་བར་བྲེལ་བཞིན་ཡོད་པ།
འདི་ནི་གྲོང་མི་ཚེ་རིང་དང་ཡུལ་མི་ཚོས་ཁང་པ་གསར་པའི་ཐོག་རྒྱལ་དར་བཀལ་བར་བྲེལ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། “ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། ང་ཚོས་རྒྱལ་དར་བཀལ་ནས་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་རྒྱུ་དང་ཏང་ལ་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན”ཞེས་གྲོང་མི་ཚེ་རིང་གིས་དགའ་སྤྲོའི་ངང་བཤད། གསོ་མོ་འཚལ་གྲོང་ཚོ་ནི་སྣང་རྫོང་སྐྱེམས་སྟོང་ཤང་གི་དེ་ཙམ་མང་པོ་མེད་པའི་མཐའ་མཚམས་གྲོང་ཚོ་ཁ་ཤས་ཀྱི་གྲས་ཤིག་ཡིན་པ་དང་། 2018ལོའི་ལོ་མཇུག་ཏུ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་བརྩེགས་ཁང་པར་སྡོད་རྒྱུ་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་མཚམས་སུ། ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།