འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎“ཀྲུང་གོའི་མཚལ་དམར”གྱིས་འཛམ་གླིང་ལ་མཛེས་རྒྱན་སྤྲས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚལ་དམར་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་བཀྲ་ཤིས་པའི་ཁ་དོག་ཅིག་ཡིན། ཀྲུང་གོའི་དུས་ཆེན་གཟབ་རྒྱས་སྐབས་སུ། འཛམ་གླིང་ས་གནས་ཁག“ཀྲུང་གོའི་མཚལ་དམར”གྱིས་མཛེས་རྒྱན་སྤྲས་པ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྱང“ཀྲུང་གོའི་མཚལ་དམར”གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ངོམ་གྱི་ཡོད། ཕྱི་རྒྱལ་གྱི་དམངས་ཚོགས་ཀྱིས“ཀྲུང་གོའི་མཚལ་དམར”ལ་སེམས་ཤོར་ཞིང་ཀྲུང་གོའི་རིག་གནས་ལ་དགའ།